ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་གིས་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་འགོ་ཚུགས་པ།

2026-09-30 09:53:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་ཆེད། རྒྱང་སྐྱོད་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཆེན་པོ་གཉིས་སྤྱི་ཟླ་9ཚེས་29ཉིན་པེ་ཅིང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་འགོ་ཚུགས་ཡོད།  
དེའི་ནང་། ༼རླབས་ཆེན་རྒྱང་སྐྱོད། ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ཡིག་ཚགས་འགྲེམས་སྟོན་༽ཞེས་པའི་ནང་ཀྲུང་དབྱང་ཡིག་ཚགས་ཁང་གིས་ཉར་ཚགས་བྱས་པ་གཙོ་བོར་བྱས་པའི་རྒྱང་སྐྱོད་ཡིག་ཚགས་དང་ཚད་ལྡན་ཡིག་ཆ་རྩ་ཆེན་230ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད་པ་དང་། ཀྲུང་གུང་ཀྲུང་དབྱང་རུའེ་ཅིན་ནས་ཕྱིར་འཐེན་མ་བྱས་གོང་གུང་ཁྲན་རྒྱལ་སྤྱིའི་དབར་འཐབ་ཇུས་སྤོ་སྒྱུར་བྱ་རྒྱུའི་གནད་དོན་སྐོར་ལ་གཏོང་རེས་བྱས་པའི་གློག་འཕྲིན་དང་། ༼དམར་དམག་གི་རྒྱང་སྐྱོད་ཟིན་ཐོ་༽ཡི་འབྲི་བཤུས་མ་ཟིན་སོགས་ཡིག་ཚགས་མང་པོ་ཞིག་སྤྱི་དམངས་ལ་འགྲེམས་སྟོན་བྱེད་ཐེངས་ཐོག་མ་ཡིན། ༼གངས་རི་དང་རྩྭ་ཐང་། ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་རིག་དངོས་ཆེད་དོན་འགྲེམས་སྟོན་༽ཞེས་པའི་ནང་དམར་དམག་གིས་གངས་རི་འཛེག་སྐབས་གྱོན་པའི་རས་ལྷམ་དང་། རྩྭ་ཐང་དུ་བསྐྱོད་སྐབས་ཟས་འཕྲོར་ལུས་པའི་ཀོ་ཐག་ཕྱེད་ཀ དམག་དམངས་དབར་གྱི་མཛའ་མཐུན་མཚོན་པའི་ཏང་དར་ཆུང་ཆུང་སོགས་རིག་དངོས་དང་། ཡིག་ཚགས། དེ་བཞིན་འབྲེལ་ཡོད་འགྲེམས་དངོས་270ལྷག་ཙམ་འགྲེམས་སྟོན་བྱས་ནས། ལྟད་མོ་བ་ཚོར་དད་སེམས་ཀྱི་སྟོབས་ཤུགས་རྟོགས་ཐུབ་པ་དང་། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་ཐུབ་པར་བྱས་ཡོད། །

中央广播电视总台 央广网 版权所有