ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་15.7%འཕར་བ།
2026-09-29 10:09:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་9ཚེས་28ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ལོ་འདི་ཤར་ཚུན། རང་རྒྱལ་གྱི་བཟོ་ལས་ཐོན་སྐྱེད་བརྟན་པོའི་ཁྲོད་ཡར་རྒྱས་བྱུང་བ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་ཚབ་མཚོན་བྱས་པའི་སྒུལ་ནུས་གསར་པ་གསོག་འཇོག་དང་སྟོབས་ཆེར་ཕྱིན་ནས། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་འཕར་མགྱོགས་ཙམ་རྒྱུན་འཁྱོངས་ཐུབ་རྒྱུར་སྣེ་ཁྲིད་ཐུབ་ཡོད། ཟླ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་སྤྱི་འབོར་སྒོར་དུང་ཕྱུར་52719.8ཟིན་པ་དེ། དུས་མཚུངས་ལས་15.7%འཕར་ནས། གྲངས་གནས་གཉིས་ཀྱི་འཕར་ཚད་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།
ལས་རིགས་ཁག་དབྱེ་ནས་བལྟས་ན། ཟླ་དང་པོ་ནས་བརྒྱད་པའི་བར། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་བེད་སྤྱོད་བྱེད་རྒྱ་མགྱོགས་སུ་ཕྱིན་ནས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་དགོས་མཁོ་ཆེ་རུ་འགྲོ་རྒྱུར་སྣེ་ཁྲིད་བྱས་པ་དང་། གློག་རྡུལ་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་ལྡབ་1.1འཕར་རྒྱུར་སྐུལ་མ་ཐེབས་ཡོད། རྩིས་ཤུགས་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག འོད་སྐུད་བཟོ་སྐྲུན་དང་འོད་སྐུད་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་ཁག་སོ་སོར་ལྡབ་5.3དང་ལྡབ་1.0འཕར་ཡོད་པ་རེད།
















