ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་དབང་གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་རོང་རྫོང་སྐྱིད་རོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནད་དོན་ཚབས་ཆེན་ཐོན་པ།

2026-08-27 10:02:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་རོང་རྫོང་དུ་ཚེས་26ཉིན་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ཡོད། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་མདུན་ཕྱོགས་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་26ཉིན་གྱི་ཆུ་ཚོད་20བར་ཞིབ་དཔྱད་དང་བསྡོམས་རྩིས་རགས་ཙམ་བྱས་པ་བརྒྱུད། ད་ཐེངས་ཀྱི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་ནང་མི་3རྐྱེན་ལམ་དུ་ཤོར་བ་དང་མི་265དང་འབྲེལ་བ་ཆད་ཡོད། ཕྱོགས་ཁག་གིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་ཉེན་སེལ་གནོད་སེལ་བྱེད་བཞིན་ཡོད། 
ཚེས་26ཉིན་གྱི་དགོང་མོའི་ཆུ་ཚོད་8པའི་བར། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་རླངས་འཁོར་113དང་། མེ་ཟོན་རོགས་སྐྱོབ་མི་སྣ་601བཏང་ནས། འཚོལ་སྐྱོབ་ཁྱི་དང་། ཚེ་སྲོག་འཚོལ་ཞིབ་ཡོ་བྱད། གདོང་མཆོང་གྲུ་གཟིངས་སོགས་རོགས་སྐྱོབ་སྒྲིག་ཆས་འཁྱེར་ནས་ས་གནས་ས་ཐོག་ཏུ་རོགས་སྐྱོབ་ཐག་གཅོད་བྱེད་པར་བསྐྱོད་པ་རེད། བབ་བསྟུན་དོ་དམ་པུའུ་དང་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་ཀྲུང་གོའི་རོགས་སྐྱོབ་རུ་ཁག་གི་མེ་ཟོན་རོགས་སྐྱོབ་བཀོད་འདོམས་པ་111མངགས་གཏོང་བྱས་ཏེ་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་ནས་གནམ་གྲུ་གླས་ནས་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོར་བྱེད་པར་བསྐྱོད་པ་རེད། མིག་སྔར། ཀྲུང་གོའི་རོགས་སྐྱོབ་རུ་ཁག་གི་བོགས་བླངས་གནམ་གྲུ་ཐོག་མ་དེ་འཕུར་རྒྱུའི་གྲ་སྒྲིག་ལས་དོན་ལེགས་གྲུབ་ཟིན་པ་དང་། ཚེས་27ཉིན་གྱི་ཞོགས་པའི་ཆུ་ཚོད་6པར་གཞིས་རྩེ་དིང་རི་གནམ་ཐང་དུ་འཕུར་རྒྱུ་ཡིན་པ་རེད། 
གནོད་འཚེ་ཐོན་རྗེས། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་སྐྱིད་རོང་འགག་སྒོའི་ཕྱོགས་སུ་སྐྱོད་ཅི་ཐུབ་བྱེད་བཞིན་ཡོད། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཁྱོན་རླངས་འཁོར་72དང་མེ་ཟོན་རོགས་སྐྱོབ་མི་སྣ་431བཏང་ནས། འཚོལ་སྐྱོབ་ཁྱི་དང་། ཚེ་སྲོག་འཚོལ་ཞིབ་ཡོ་བྱད། གདོང་མཆོང་གྲུ་གཟིངས་སོགས་སྒྲིག་ཆས་ཁྱེར་ནས་ས་གནས་ས་ཐོག་ཏུ་རོགས་སྐྱོབ་བྱེད་པར་བསྐྱོད་ཡོད།  དེའི་ནང་སྐྱིད་རོང་འགག་སྒོའི་ལས་སྒྲུབ་ས་ཚིགས་ཀྱི་རོགས་སྐྱོབ་སྟོབས་ཤུགས་ཚེས་26ཉིན་གྱི་ཉིན་དགུང་ཆུ་ཚོད་1ཙམ་ལ་རྒྱལ་སྒོ་དང་བར་ཐག་སྤྱི་ལེ་5ཡོད་པའི་སར་འབྱོར་ཡོད་པ་རེད། ལྷ་ས་མེ་ཟོན་རོགས་སྐྱོབ་བབ་ བསྟུན་ཉིང་ལག་རུ་ཁག་གིས་ཀྱང་གནོད་འཚེ་ཐོན་པའི་ཉིན་དེར་མི་155དང་རླངས་འཁོར་38ཡོད་པའི་རོགས་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་བསྐྱོད་པ་རེད། གཞན་ཡང་། བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་ཆུས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པ་257ས་གནས་ས་ཐོག་ཏུ་སྤྱི་འདོམས་མངགས་གཏོང་བྱས་པ་རེད། ཚེས་26ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པ་ཙམ་ལ། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་སྐྱིད་རོང་འགག་སྒོ་ཡན་ལག་ཅུས་ཀྱི་མི་དམངས་ཉེན་རྟོག་པ་8དང་ཐོག་གནོད་འཚེ་ཚབས་ཆེན་ཕོག་པའི་རྒྱལ་སྒོའི་ས་ཁོངས་སུ་འབྱོར་ནས། ནུས་ཤུགས་ཡོད་རྒུས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱས་ཡོད། དྲག་ཆས་ཉེན་རྟོག་གཞིས་རྩེ་ཉིང་ལག་རུ་ཁག་གི་སྔོན་སྐྱོད་རོགས་སྐྱོབ་སྟོབས་ཤུགས་ཀྱང་སྐྱིད་རོང་རྫོང་ས་ལེབ་ཤང་དུ་འབྱོར་བ་དང་། ཀོ་པ་གྲོང་ཚོར་གནོད་འཚེ་ཚབས་ཆེན་ཕོག་པ་ཐོག་མའི་ཆ་ནས་བརྡར་གཅོད་བྱས་པ་དང་། ས་གནས་དང་མཉམ་དུ་འགྲོ་ལམ་གཤོང་རྒྱུ་དང་མི་སྣ་རོགས་སྐྱོབ་སོགས་ཀྱི་ལས་དོན་སྤེལ་ཡོད་པ་རེད། 
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་གྱི་པུའུ་ག་གེ་མོའི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་བཀའ་ལྟར་རོགས་སྐྱོབ་དམག་ཤུགས་158བཏང་བ་དང་། བཀོད་འདོམས་འགན་ལེན་རླངས་འཁོར་དང་ལས་གྲྭའི་འཕྲུལ་ཆས་སོགས་སྣ་ཚོགས་བཏང་བ་མ་ཟད། ཚེས་26ཉིན་གྱི་དགོང་མོའི་ཆུ་ཚོད་8དང་སྐར་མ་35ཡི་ཐོག་ཚང་མ་སྐྱིད་རོང་གྲོང་རྡལ་དུ་འབྱོར་ཡོད། མིག་སྔར་སྐྱིད་རོང་གྲོང་རྡལ་གྱི་གྲོང་ཁུལ་གཙོ་བོའི་ཆུ་དང་། གློག་འཕྲིན་གཏོང་བཅས་ལ་ཤུགས་རྐྱེན་ཚབས་ཆེན་ཕོག་མེད་པར་སྤྱིར་ན་སླར་གསོ་བྱུང་ཡོད་པ་རེད། རང་བྱུང་ཐོན་ཁུངས་པུས་ས་གཤིས་གནོད་འཚེ་འགོག་སྲུང་གི་རིམ་པ་གཉིས་པ་དང་ལེན་བྱེད་འགོ་བཙུགས་ནས། རིགས་གཅིག་མཁས་ཅན་ལས་གྲུབ་པའི་ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་མངགས་ཏེ། ཉེན་སེལ་རོགས་སྐྱོབ་དང་ཞོར་ཐོན་ས་གཤིས་གནོད་འཚེ་འགོག་སྲུང་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་གནང་ཡོད། ཆུ་བེད་པུས་ཞོད་སྐྱོན་དང་ཐན་སྐྱོན་གྱི་གནོད་འཚེའི་དོན་རྐྱེན་ཚབས་ཆེན་བཀོད་གཏོང་བཀོད་འདོམས་ལམ་སྲོལ་ལག་ལེན་བསྟར་ནས། འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་འབྱུང་རྐྱེན་ལ་དབྱེ་ཞིབ་བྱས་ཏེ་གནོད་འཚེ་ཕོག་ཁུལ་སྨད་རྒྱུད་ཀྱི་མི་འབོར་ཁྱབ་ཚུལ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱས་པ་རེད། 
ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་1.2འཕྲལ་མར་སྔོན་ལ་བཏང་སྟེ། བོད་ལྗོངས་ཀྱིས་སྐྱིད་རོང་འདམ་རྡོའི་ཆུ་རུད་ཀྱི་འཕྲལ་སྡོམ་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ་རེད། 

中央广播电视总台 央广网 版权所有

འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་དབང་གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་རོང་རྫོང་སྐྱིད་རོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནད་དོན་ཚབས་ཆེན་ཐོན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་རོང་རྫོང་དུ་ཚེས་26ཉིན་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ཡོད། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་མདུན་ཕྱོགས་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།