ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་དམངས་བདེ་ཐང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ》པར་འགྲེམས་བྱས་པ།

2026-07-14 10:22:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།   རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་《རྒྱལ་དམངས་བདེ་ཐང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ》པར་འགྲེམས་བྱས་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་བདེ་ཐང་གི་ཀྲུང་གོ་མགྱོགས་མྱུར་བསྐྲུན་རྒྱུའི་ཐད་བཀོད་སྒྲིག་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་འཕེལ་རྒྱས་གཏོང་སྟངས་ཀྱིས་བདེ་ཐང་ལྟེ་བར་འཛིན་རྒྱུར་སྔར་བས་སྣང་ཆེན་དང་། ཞབས་ཞུའི་མ་ལག་གིས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྔར་བས་སྣང་ཆེན་བྱེད་པ། བསྒྱུར་བཅོས་བཅོས་སྐྱོང་གིས་མ་ལག་མཐུན་སྦྱོར་ལ་སྔར་བས་སྣང་ཆེན་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བ། བདེ་ཐང་ཞབས་ཞུའི་དོ་སྙོམས་རང་བཞིན་དང་ཁྱབ་གདལ་རང་བཞིན་ཆེ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱིས་རང་འགུལ་བདེ་ཐང་ལ་སྔར་བས་སྣང་ཆེན་བྱེད་རྒྱུར་སྐུལ་འདེད་གཏོང་བ། བདེ་ཐང་ལ་ཕན་པའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ཆགས་པ་བཅས་བྱས་ཏེ། རྒྱལ་དམངས་ཀྱི་བདེ་ཐང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། 
《འཆར་འགོད》ནང་མི་ཚོགས་ཡོངས་ཀྱི་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུ་ལེགས་སུ་གཏོང་བ་དང་། ཆུ་ཚད་མཐོ་བའི་འཕྲོད་བསྟེན་བདེ་ཐང་བདེ་འཇགས་ཀྱི་སྲུང་ཡོལ་རྒྱུན་མཐུད་ངང་བརྟན་དུ་གཏོང་བ། སྤུས་ལེགས་ནུས་ཆེའི་བསྡུ་སྒྲིལ་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་ལྔ་ལ་དམིགས་ནས་གཙོ་གནད་ལས་འགན་ཁག་24བཀོད་སྒྲིག་བྱས་པ་དང་། སྤུས་ཚད་མཐོ་བའི་བདེ་ཐང་ཞབས་ཞུ་དང་། ཆུ་ཚད་མཐོ་བའི་འཕྲོད་བསྟེན་བདེ་ཐང་བདེ་འཇགས། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་པའི་གསར་གཏོད་གལ་ཆེན། གཞུང་བཙུགས་སྨན་ཁང་བསྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ལས་གྲྭ་དང་རྣམ་གྲངས་གལ་ཆེན་དང་དེ་བཞིན་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་གི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་བཀོད་སྒྲིག་གི་མཛུབ་ཁྲིད་རྩ་དོན་བཏོན་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

ཨུ་ཡུག་གདོང་ཐུག་གི་གནས་ཚུལ་གསར་ཤོས།

མིག་སྔར། ཡུག་རེན་ཕྱོགས་ཀྱི་རོགས་སྐྱོབ་དང་ཉེན་རྟོག་ལས་དོན། གྲོང་ཁྱེར་དོ་དམ། མྱུར་སྐྱོབ་མི་སྣ་བཅས་ཀྱིས་རྒྱུན་མཐུད་ངང་མེ་གསོད་པ་དང་མི་སྣ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད།

中央广播电视总台 央广网 版权所有

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་དམངས་བདེ་ཐང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ》པར་འགྲེམས་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་《རྒྱལ་དམངས་བདེ་ཐང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ》པར་འགྲེམས་བྱས་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་བདེ་ཐང་གི་ཀྲུང་གོ་མགྱོགས་མྱུར་བསྐྲུན་རྒྱུའི་ཐད་བཀོད་སྒྲིག་བྱས་ཏེ།