ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མཚོ་སྔོན་གྱི་མཐོ་རྒྱུཌ་སྦྱངས་འབྲས་འདྲི་རྩད་དུས་ཚོད་གཏན་འཁེལ་འདུག

2026-06-12 09:27:00     责编:卓玛才让
ཟླ་6པའི་ཚེས་10ཉིན་གྱི་ཆུ་ཚོད་11ཐོག མཚོ་སྔོན་ཞིང་ཆེན་གྱི་2026ལོའི་སྤྱིར་བཏང་མཐོ་རྒྱུགས་བདེ་བླག་ངང་མཇུག་འགྲིལ་བ་རེད། མཚོ་སྔོན་ཞིང་ཆེན་གྱི་རྒྱུགས་ཤོག་དཔྱད་བསྡུར་ལས་དོན་སང་ཉིན་འགོ་འཛུགས་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་ཟླ་6པའི་ཚེས་25ཉིན་གྱི་གཡས་གཡོན་དུ་སློབ་བསྡུའི་ཚད་ཐིག་སྐར་གྲངས་ཚད་གཞི་དང་རྒྱུགས་སྤྲོད་སློབ་མའི་སྦྱངས་འབྲས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།

ཞིང་ཆེན་སློབ་གསོ་སློབ་བསྡུ་ཡིག་རྒྱུགས་ཁང་གིས་མཚོ་སྔོན་ཞིང་ཆེན་སློབ་གསོའི་ཡིག་རྒྱུགས་དྲ་བ་དང་མཚོ་སྔོན་ཞིང་ཆེན་སློབ་གསོའི་སློབ་བསྡུའི་ཡིག་རྒྱུགས་སྐད་འཕྲིན་

སྤྱི་སྟེགས་བརྒྱུད་སློབ་ཞུགས་རེ་འདུན་རེའུ་མིག་འགོད་སྟངས་སྐོར་གྱི་མཛུབ་ཁྲིད་བརྙན་ལམ་དང་སྲིད་ཇུས་གསལ་འགྲེལ་སོགས་ཀྱི་ནང་དོན་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ནས། རྒྱུགས་སྤྲོད་སློབ་མས་ཚན་རིག་དང་མཐུན་པའི་ངང་སློབ་ཞུགས་རེ་འདུན་རེའུ་མིག་འགོད་པར་རོགས་རམ་བྱ་རྒྱུ་ཡིན་པས། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་དེ་བཞིན་ཁྱིམ་བདག་གིས་གཞུང་ཕྱོགས་དྲ་ཚིགས་ཀྱིས་སྤེལ་བའི་ཆ་འཕྲིན་ལ་དོ་སྣང་བྱས་ཏེ། རྗེས་མཐུད་ཀྱི་སློབ་ཐོ་འགོད་པའི་ལས་དོན་བདེ་བླག་ངང་ལེགས་འགྲུབ་བྱེད་དགོས།

དེ་དང་ཆབས་ཅིག རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས། སྦྱངས་འབྲས་ཡོངས་བསྒྲགས་དང་། སློབ་ཞུགས་རེ་འདུན་རེའུ་མིག་འགོད་པ། མཐོ་རྒྱུགས་བསྡུ་ལེན་སོགས་ཀྱི་སྐབས་མི་སྒེར་གྱི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་རྒྱུགས་སྤྲོད་ཆོག་འཐུས་ལག་ཁྱེར་སོགས་འབྲེལ་ཡོད་མི་སྒེར་གྱི་ཆ་འཕྲིན་མི་གཞན་ལ་འདོན་སྤྲོད་བྱེད་པའམ་སྐད་འཕྲིན་སོགས་སྤྱི་ཚོགས་འབྲེལ་བའི་སྟེགས་བུ་བརྒྱུད་ཁྱབ་སྤེལ་བྱེད་མི་རུང་བ་དང་། དྲ་རྒྱའི་དཀྲོག་གཏམ་གསལ་པོར་དབྱེ་འབྱེད་བྱེད་པ་ལས་སློབ་བསྡུའི་སྐོར་གྱི་ཆ་འཕྲིན་རྫུན་མ་སྣ་ཚོགས་ལ་ཡིད་ཆེས་བྱེད་མི་རུང་བའི་དྲན་སྐུལ་ཞུ་རྒྱུ་ཡིན། 

རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཡིག་རྒྱུགས་ཁང་གི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱེད་པའམ་ཡང་ན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཡིག་རྒྱུགས་དྲ་བར་(https://www.qhjyks.com)བཤེར་འཚོལ་བྱས་ན་མཐོ་སློབ་ཀྱི་སློབ་བསྡུའི་འབྲེལ་ཡོད་ཆ་འཕྲིན་ཤེས་རྟོགས་བྱེད་ཐུབ་ཀྱི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

ཨུ་ཡུག་གདོང་ཐུག་གི་གནས་ཚུལ་གསར་ཤོས།

མིག་སྔར། ཡུག་རེན་ཕྱོགས་ཀྱི་རོགས་སྐྱོབ་དང་ཉེན་རྟོག་ལས་དོན། གྲོང་ཁྱེར་དོ་དམ། མྱུར་སྐྱོབ་མི་སྣ་བཅས་ཀྱིས་རྒྱུན་མཐུད་ངང་མེ་གསོད་པ་དང་མི་སྣ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད།

中央广播电视总台 央广网 版权所有

མཚོ་སྔོན་གྱི་མཐོ་རྒྱུཌ་སྦྱངས་འབྲས་འདྲི་རྩད་དུས་ཚོད་གཏན་འཁེལ་འདུག

ཟླ་6པའི་ཚེས་10ཉིན་གྱི་ཆུ་ཚོད་11ཐོག མཚོ་སྔོན་ཞིང་ཆེན་གྱི་2026ལོའི་སྤྱིར་བཏང་མཐོ་རྒྱུགས་བདེ་བླག་ངང་མཇུག་འགྲིལ་བ་རེད། མཚོ་སྔོན་ཞིང་ཆེན་གྱི་རྒྱུགས་ཤོག་དཔྱད་བསྡུར་ལས་དོན་སང་ཉིན་འགོ་འཛུགས་རྒྱུ་ཡིན་པ་དང་།