ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་བརྟན་པོའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། སྒུལ་ནུས་གསར་པ་མགྱོགས་མྱུར་རྒྱ་བསྐྱེད་བཞིན་པ།

2026-06-01 09:42:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་5ཚེས་31ཉིན་ཟླ་5པའི་ཀྲུང་གོའི་ཉོ་སྒྲུབ་སྤྱི་གཉེར་སྟོན་གྲངས་ཁྱབ་བསྒྲགས་བྱས་ཡོད། སྟོན་གྲངས་ལས་མངོན་པར། བཟོ་སྐྲུན་ལས་རིགས་ཀྱི་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་དང་། སྒུལ་ནུས་གསར་པ་མགྱོགས་མྱུར་རྒྱ་བསྐྱེད་བཞིན་ཡོད་པ་རེད།
ཟླ་5པར་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྤྱི་གཉེར་སྟོན་གྲངས་50%ཡིན་ཞིང་། དེ་ཉིད་འགྱུར་མཚམས་སུ་གནས་ཡོད། རྣམ་གྲངས་གཙོ་བོའི་སྟོན་གྲངས་ལ་བལྟས་ན། ཐོན་སྐྱེད་སྟོན་གྲངས་51.2%ཡིན་པ་མ་ཟད། ཟླ་བ་གསུམ་བསྟུད་མར་51%ཡན་འཁོར་སྐྱོད་ཐུབ་ཡོད་པས། དེའི་ཐོག་ནས་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་ཐོན་སྐྱེད་བྱེད་སྒོ་མུ་མཐུད་རྒྱ་ཆེར་འགྲོ་བ་མངོན་ཡོད། 
གཙོ་གནད་ལས་རིགས་ལ་བལྟས་ན། སྒུལ་ནུས་གསར་པའི་འཕེལ་རྒྱས་མུ་མཐུད་ལེགས་སུ་ཕྱིན་པ་དང་། མགྱོགས་མྱུར་རྒྱ་བསྐྱེད་པའི་རྣམ་པ་མངོན་པ། དཔལ་འབྱོར་གསར་པ་དང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་ཚུལ་ལ་བརྟན་པོའི་ངང་སྐུལ་འདེད་ཐེབས་ཡོད། ཟླ་5པར། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྤྱི་གཉེར་སྟོན་གྲངས་ཁག་སོ་སོར་52.9%དང་52.1%ཟིན་པ་དེ་ཟླ་བ་གོང་མ་ལས་ཁག་སོ་སོར་བརྒྱ་ཆའི་གནས་0.7དང་0.3འཕར་ཡོད། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་གཏོང་མངགས་ཐོ་གསར་པའི་སྟོན་གྲངས་ཚང་མ་51%ཡན་ཟིན་ཡོད་པས། དེའི་ཐོག་ནས་ཕྱི་རྒྱལ་གྱི་ཁྲོམ་རའི་དགོས་མཁོ་ཅུང་ཆེ་བ་མངོན་གྱི་ཡོད། 
བཟོ་སྐྲུན་ལས་རིགས་མིན་པའི་གནས་ཚུལ་ལ་བལྟས་ན། ཟླ་5པར་ཀྲུང་གོའི་བཟོ་སྐྲུན་ལས་རིགས་མིན་པའི་ཚོང་དོན་བྱེད་སྒོའི་སྟོན་གྲངས་50.1%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གནས་0.7འཕར་ཡོད། བཟོ་སྐྲུན་ལས་རིགས་མིན་པའི་སྤྱི་ཡོངས་དར་རྒྱས་ཆུ་ཚད་དེ་ཟླ་བ་གོང་མ་ལས་མཐོ་རུ་ཕྱིན་ཡོད་པ་དང་། གཉེར་སྐྱོང་བྱེད་སྒོ་སླར་ཡང་རྒྱ་སྐྱེད་ཁྱབ་ཁོངས་སུ་སླེབས་ཡོད། མ་འཇོག་དང་འབྲེལ་བ་ཡོད་པའི་རྨང་གཞིའི་འཛུགས་སྐྲུན་བྱེད་སྒོ་བརྟན་པོའི་ངང་འཕར་བ་དང་། དུས་ཆེན་གྱི་འཛད་སྤྱོད་དང་འབྲེལ་བ་ཡོད་པའི་ལས་རིགས་ཀྱི་དར་རྒྱས་ཆུ་ཚད་ཅུང་མཐོ་རུ་ཕྱིན་པ། ཆ་འཕྲིན་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་ཡོད།

འཛམ་གླིང་སྐར་ཁུངས།

ཨུ་ཡུག་གདོང་ཐུག་གི་གནས་ཚུལ་གསར་ཤོས།

མིག་སྔར། ཡུག་རེན་ཕྱོགས་ཀྱི་རོགས་སྐྱོབ་དང་ཉེན་རྟོག་ལས་དོན། གྲོང་ཁྱེར་དོ་དམ། མྱུར་སྐྱོབ་མི་སྣ་བཅས་ཀྱིས་རྒྱུན་མཐུད་ངང་མེ་གསོད་པ་དང་མི་སྣ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་བཅས་ཀྱི་ལས་དོན་སྤེལ་བཞིན་ཡོད།

中央广播电视总台 央广网 版权所有

རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་བརྟན་པོའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། སྒུལ་ནུས་གསར་པ་མགྱོགས་མྱུར་རྒྱ་བསྐྱེད་བཞིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་5ཚེས་31ཉིན་ཟླ་5པའི་ཀྲུང་གོའི་ཉོ་སྒྲུབ་སྤྱི་གཉེར་སྟོན་གྲངས་ཁྱབ་བསྒྲགས་བྱས་ཡོད།