ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཟླ་བ་བཞི་པའི་ཟླ་མཇུག་བར་རང་རྒྱལ་གྱི་5Gསྦྲེལ་ཚུགས་ཀྱི་སྤྱི་འབོར་ཁྲི་500ལས་བརྒལ་བ།

2026-05-29 16:32:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། བཟོ་ལས་དང་ཆ་འཕྲིན་ཅན་པུའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་ཟླ་བ་བཞི་པའི་བར། འཕྲིན་གཏོང་ལས་རིགས་སྤྱི་ཡོངས་ནས་འཁོར་རྒྱུག་བརྟན་པོ་ཐུབ་ཡོད་པ་དང་། 5Gདང་། ཀྲའོ་ཝ་སྟོང་གི་འོད་དྲ་སོགས་དྲ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད་པས། འགུལ་སྐྱོད་དྲ་བའི་སྦྲེལ་མཐུད་བཞུར་ཚད་ཅུང་མགྱོགས་པོ་འཕར་ཡོད། ཟླ་བ་བཞི་པའི་ཟླ་མཇུག་བར། ཀྲའོ་ཝ་བརྒྱ་དང་དེ་ཡན་གྱི་མྱུར་ཚད་ལྡན་པའི་གཏན་འཁེལ་དྲ་སྦྲེལ་གྱི་དྲ་ཆེན་སྤྱོད་མཁན་གྱིས་སྤྱོད་མཁན་ཡོངས་ཀྱི་བརྒྱ་ཆ་95.5བཟུང་ཡོད་པ་དང་། ཀྲའོ་ཝ་སྟོང་སྤྱོད་མཁན་གྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་ནས། སྤྱོད་མཁན་ཁྱིམ་དུད་དུང་ཕྱུར་2.53ཟིན་གྱི་ཡོད། 5Gདྲ་བའི་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། སྤྱོད་མཁན་ཡང་མགྱོགས་མྱུར་མང་དུ་འགྲོ་བཞིན་ཡོད། ཟླ་བ་བཞི་པའི་ཟླ་མཇུག་བར། 5Gསྦྲེལ་ཚུགས་ཀྱི་སྤྱི་འབོར་ཁྲི་500.9ཟིན་པ་དང་། དེས་འགུལ་སྐྱོད་སྦྲེལ་ཚུགས་ཀྱི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་38.7བཟུང་ཡོད་པ་དང་། 5Gའགུལ་སྐྱོད་ཁ་པར་སྤྱོད་མཁན་གྱིས་འགུལ་སྐྱོད་ཁ་པར་སྤྱོད་མཁན་གྱི་བརྒྱ་ཆ་68.7བཟུང་ཡོད། འགུལ་སྐྱོད་དྲ་སྦྲེལ་གྱི་རིམ་རྩིས་དྲ་བ་སྤྱོད་ཚད་དུང་ཕྱུར་1420GBཟིན་པ་དང་། དེ་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་18.5འཕར་ཡོད།

中央广播电视总台 央广网 版权所有

ཟླ་བ་བཞི་པའི་ཟླ་མཇུག་བར་རང་རྒྱལ་གྱི་5Gསྦྲེལ་ཚུགས་ཀྱི་སྤྱི་འབོར་ཁྲི་500ལས་བརྒལ་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། བཟོ་ལས་དང་ཆ་འཕྲིན་ཅན་པུའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་ཟླ་བ་བཞི་པའི་བར། འཕྲིན་གཏོང་ལས་རིགས་སྤྱི་ཡོངས་ནས་འཁོར་རྒྱུག་བརྟན་པོ་ཐུབ་ཡོད་པ་དང་།