ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་ཏུ་དོ་དམ་བྱས་པའི་ཏང་དངུལ་ཁྲོད་ནས་སྒོར་ཁྲི་7200གཏོང་སྤྲོད་བྱས་ཏེ་ཨན་ཧུའེ་དང་ཀོང་ཞི་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་6གི་གེགས་འགོག་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་བྱས་པ།
2026-05-29 16:29:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་ཏུ་དོ་དམ་བྱས་པའི་ཏང་དངུལ་ཁྲོད་ནས་ཨན་ཧུའེ་དང་ཀོང་ཞི་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་བཅས་6ལ་ཆེད་དོན་མ་དངུལ་སྒོར་ཁྲི་7200གཏོང་སྤྲོད་བྱས་ཏེ། གེགས་འགོག་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད།
















