འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་5ཚེས་28ཉིན་གྱི་སྔ་དྲོ། ལྷ་གྲུ་ཨང་ཉེར་གཅིག་པ་དང་ལྷ་གྲུ་ཨང་ཉེར་གསུམ་པ་གཉིས་ཀྱི་མཁའ་སྐྱོད་པའི་ཚོགས་ཆུང་གིས་འཁོར་ལམ་ཐོག་རྩིས་སྤྲོད་རྩིས་ལེན་བྱས་ཡོད། འཆར་གཞི་ལྟར་ན། ལྷ་གྲུ་ཨང་ཉེར་གཅིག་པའི་མཁའ་སྐྱོད་པའི་ཚོགས་ཆུང་གིས་ཉེ་ཆར་ལྷ་གྲུ་ཨང་ཉེར་གཉིས་པའི་མི་ཞུགས་འཕུར་གྲུར་བསྡད་དེ་ཤར་རླུང་ས་ཐོག་འབབ་སར་ཕྱིར་ལོག་བྱ་རྒྱུ་རེད། ཚེས་27ཉིན་གྱི་ཕྱི་དྲོ། ཤར་རླུང་ས་ཐོག་འབབ་སའི་ཁུལ་དུ་མཐའ་མའི་མ་ལག་ཡོངས་ཀྱི་ཕྱོགས་བསྡུས་ནང་སྦྱོང་བྱས་ནས། མཁའ་སྐྱོད་པ་ཁྱིམ་དུ་ལོག་པར་བསུ་བ་ཞུ་བའི་གྲ་སྒྲིག་ཡག་པོ་བྱས་ཟིན་ཡོད།
ཚེས་28ཉིན་གྱི་སྔ་དྲོ། ལྷ་གྲུ་ཨང་ཉེར་གཅིག་པ་དང་ལྷ་གྲུ་ཨང་ཉེར་གསུམ་པའི་མཁའ་སྐྱོད་པའི་ཚོགས་ཆུང་གིས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྤེལ་ནས། ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་ལྡེ་མིག་རྩིས་སྤྲོད་རྩིས་ལེན་བྱས་ཡོད། དེས་ན། ལྷ་གྲུ་ཨང་ཉེར་གཅིག་པའི་མཁའ་སྐྱོད་པའི་ཚོགས་ཆུང་གིས་གཏན་འཁེལ་བྱས་པའི་ལས་འགན་ཚང་མ་ལེགས་གྲུབ་ཟིན་པ་དང་ཉེ་ཆར་ལྷ་གྲུ་ཨང་ཉེར་གཉིས་པའི་མི་ཞུགས་འཕུར་གྲུར་བསྡད་དེ་ཤར་རླུང་ས་ཐོག་འབབ་སར་ཕྱིར་ལོག་བྱ་རྒྱུ་ཡིན་པ་རེད། ཟླ་5ཚེས་27ཉིན། ཤར་རླུང་ས་ཐོག་འབབ་སར་མཁའ་སྐྱོད་པ་ཕྱིར་ལོག་མ་བྱས་གོང་གི་མཐའ་མའི་མ་ལག་ཡོངས་ཀྱི་ཕྱོགས་བསྡུས་ནང་སྦྱོང་ལེགས་གྲུབ་བྱུང་བ་དང་། འཚོལ་སྐྱོབ་སྟོབས་ཤུགས་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་ཏེ། མཐུན་སྦྱོར་ཐག་གཅོད་དང་འཕྲལ་སྒྲུབ་འགན་ལེན་ནུས་པར་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཡོད།
ས་ཐོག་ཏུ་འབབ་སའི་ཁུལ་དུ་ཆེད་སྤྱོད་འགྲོ་ལམ་གསར་པ་བསྐྲུན་པ་དང་གློག་སྒྲོན་མ་ལག་ལེགས་སུ་གཏོང་བ། སྨན་བཅོས་འགན་ལེན་མ་ལག་ལ་ཆེད་སྤྱོད་སྒྲིག་བཀོད་མང་དུ་གཏོང་བ་དང་འཕྲལ་སྒྲུབ་རོགས་སྐྱོབ་ཀྱི་སྔོན་ཇུས་བཟོ་བཅོས་རྒྱག་པ་མ་ཟད་རྒྱུན་རྣམ་ཅན་གྱི་སྦྱོང་བརྡར་ཡང་བྱས་ཡོད། མིག་སྔར། ས་ཐོག་ཏུ་འབབ་སའི་གྲ་སྒྲིག་ལས་དོན་ཚང་མ་ལེགས་གྲུབ་ཟིན་ནས། མཁའ་སྐྱོད་པ་བདེ་འཇགས་དང་རྒྱལ་ཁའི་ངང་ཕྱིར་ལོག་རྒྱུར་སྒུག་བཞིན་ཡོད།