ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རང་རྒྱལ་གྱིས་ཐེམ་ཐོ་སྤོས་མེད་པའི་རྒྱུན་སྡོད་མི་འབོར་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་རྒྱུ།

2026-05-27 09:48:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་སྐོར་གྱི་འཆར་ཅན་ཟུར་གསལ་ཚོགས་འདུ་འཚོགས་ནས།  ༼རྒྱུན་སྡོད་བྱ་སའི་ས་གནས་ཀྱིས་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་༽གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཡོད།  ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ནི་ཐེམ་ཐོ་སྤོས་མེད་པའི་རྒྱུན་སྡོད་མི་འབོར་ལ་ལས་ཞུགས་འཚོ་སྡོད་བྱ་སའི་ས་གནས་སུ་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད་པར་བྱེད་པའི་ཐད་རྒྱལ་ཁབ་ཀྱི་བང་རིམ་ནས་བཀོད་སྒྲིག་ཆ་ཚང་པོ་བྱས་ཡོད་པས།  གཞི་རྩའི་སྤྱི་པའི་ཞབས་ཞུ་བཏང་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་རྒྱུ་ཡིན་ཞིང་།  མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་ཡིན་པ་རེད། 
༼བསམ་འཆར་༽ནང་།  དུས་ཡུན་རིང་པོའི་ནང་གྲོང་ཁྱེར་དང་གྲོང་རྡལ་དུ་འཚོ་སྡོད་བྱེད་བཞིན་ཡོད་ཀྱང་ཐེམ་ཐོ་སྤོས་མེད་པའི་རང་རྒྱལ་གྱི་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ལས་བརྒལ་བའི་མང་ཚོགས་ལ་དམིགས་ཏེ།  ཁོང་ཚོ་དང་མཉམ་དུ་གནས་སྤོ་བྱེད་མཁན་བུ་ཕྲུག་གི་སློབ་གསོ་དང་། སྡོད་ཁང་འགན་སྲུང་། སྤྱི་ཚོགས་འགན་བཅོལ། སྨན་བཅོས་འགན་བཅོལ། ལས་ཞུགས། མ་མཐའི་འགན་སྲུང་རང་བཞིན་གྱི་ཞབས་ཞུ་སོགས་ཕྱོགས་དྲུག་གི་ཐད་དངོས་སུ་བསྒྲུབ་རྒྱུའི་ཞིབ་ཕྲའི་བྱ་ཐབས་བཏོན་ཡོད།  རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲེང་པའེ་ཡིས། ནོར་སྲིད་ཀྱི་ཐད།  གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བརྗེ་སྒྱུར་གཏོང་སྤྲོད་སྲིད་ཇུས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་།  མི་འབོར་ལས་ཞུགས་འཚོ་སྡོད་བྱེད་སའི་ས་ཆའི་ནོར་དོན་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་རྒྱུ་རེད།  སྒྲིག་བཀོད་ཐད། རྒྱུན་སྡོད་མི་འབོར་གྱི་གྲངས་འབོར་དང་ཞབས་ཞུའི་ཚངས་ཐིག་ཕྱེད་ཀ་གཞིར་བཟུང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་ཡིན་པ་དང་།  མི་འབོར་ལས་ཞུགས་འཚོ་སྡོད་བྱེད་སའི་ས་ཆའི་དམངས་འཚོའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་རྒྱུ་རེད།  མི་འབོར་ལས་ཞུགས་འཚོ་སྡོད་བྱེད་སའི་ས་ཆ་དང་། མི་འབོར་གྱི་སྤྱི་འབོར་གཏན་འཇགས་ཡིན་པ། མི་འབོར་ཕྱི་ཕྱོགས་སུ་འགྲོ་མཁན་མང་པོ་ཡོད་པ་བཅས་ས་ཁུལ་ལ་དམིགས་ནས།  ཁག་སོ་སོར་ལག་བསྟར་བླང་བྱ་བཏོན་ཡོད་ཅིང་།  གྲོང་ཁྱེར་ལ་དམིགས་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་ཡིན་པ་ལས། གཅིག་དཔེ་བརྒྱ་ཁེབས་བྱ་རྒྱུ་མ་རེད་ཅེས་གསུངས་ཡོད།
སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིའི་འགན་འཁུར་བ་ཡའུ་སེན་གྱིས་ཕ་མ་དང་མཉམ་དུ་གནས་སྤོ་བྱེད་མཁན་བུ་ཕྲུག་གི་སློབ་གསོའི་ཐད་ཞིབ་ཕྲའི་འགན་སྲུང་བྱ་ཐབས་བཏོན་ཡོད་ཅེས་ངོ་སྤྲོད་གནང་ཡོད། ཡའུ་སེན་གྱིས། མི་འབོར་ལས་ཞུགས་འཚོ་སྡོད་བྱ་རྒྱུ་གཅིག་སྡུད་ཆེ་བའི་ས་ཆས་སློབ་གྲྭའི་བཀོད་སྒྲིག་ལེགས་སུ་གཏོང་རྒྱུར་གཙོ་གནད་ཐོག་མཛུབ་ཁྲིད་བྱ་རྒྱུ་དང་།  སློབ་གནས་འགུལ་རྣམ་ལེགས་སྒྲིག་དང་སློབ་གནས་མི་འདང་བ་དང་ལྷག་མ་ཡོད་པ་སྙོམས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།  སློབ་མཚམས་ཀྱི་ཐོན་ཁུངས་ཤར་བགྲོད་ཡོང་བར་བྱ་རྒྱུ།  ཉེ་འཁོར་ས་ཁུལ་དབར་མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུར་སྐུལ་མ་གཏོང་རྒྱུ། གཞུང་གཉེར་སློབ་གྲྭའི་སློབ་གནས་ཀྱི་མཁོ་སྤྲོད་ཤུགས་ཆེར་གཏོང་རྒྱུ་བཅས་ཀྱི་ཐོག་ནས། ཕ་མ་དང་མཉམ་དུ་གནས་སྤོ་བྱེད་མཁན་བུ་ཕྲུག་གི་སློབ་ཞུགས་དགོས་མཁོ་སྐོང་གང་ཐུབ་བྱ་རྒྱུ་ཡིན་པ་རེད། 
དེ་མིན་ད་དུང་།  སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་ས་གནས་ཁག་གིས་སྤྱི་པའི་བོགས་གཏོང་ཁང་པའི་སྤྱོད་དབང་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ནས།  ཆ་རྐྱེན་དང་མཐུན་པའི་ཐེམ་ཐོ་སྤོས་མེད་པའི་རྒྱུན་སྡོད་མི་འབོར་གྱི་ཁྱིམ་ཚང་དུས་ཐོག་ཏུ་རེས་བསྐོར་ཁང་པར་སྒུག་པའི་བང་རིམ་ནང་འཇུག་རྒྱུ་ཡིན་པ་རེད། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བརྒལ་ནས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། སྒྲུབ་མང་བའི་ཞབས་ཞུའི་ལས་དོན་ཁག་ས་གནས་གཞན་དུ་གཉེར་ཆོག་པ་དང་ཉེ་འགྲམ་དུ་བསྒྲུབ་ཆོག་པར་བྱས་ཡོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ལས་རིགས་གནོད་འཚེའི་འགན་ལེན་ཚོད་ལྟ་བྱ་ཡུལ་དེ་ཞིང་ཆེན་ཡོངས་ལ་རྒྱ་སྐྱེད་བཏང་བ་མ་ཟད། སྟབས་བསྟུན་ལས་ཞུགས་བྱེད་མཁན་མི་སྣ་འགན་བཅོལ་ནང་ཞུགས་པའི་ཐེམ་ཁོངས་ཚད་བཀག་སྔར་བས་ལྷུག་ཏུ་གཏོང་རྒྱུ་ཡིན་པ་རེད། 
དམངས་སྲིད་པུས་སྡེ་ཚན་27དང་མཉམ་དུ་གཏན་འཇགས་མ་ཡིན་པར་འགྲོ་འོང་བྱེད་མཁན་བྱིས་པ་གནད་སྨིན་འཚོལ་བཤེར་དང་།  གནད་འཕིགས་ཡིག་ཚགས་འཛུགས་པ། ཞིབ་ཚགས་པའི་ཞབས་ཞུ་མཁོ་འདོན་བཅས་བྱེད་པའི་ཆེད་དོན་ལས་དོན་སྤེལ་རྒྱུ་ཡིན་ཞིང་།  མི་གཅིག་ལ་ཡིག་ཚགས་གཅིག་འཛུགས་པ་དང་།  ཟླ་བ་རེར་བྱིས་པ་ཚོའི་ཁྱིམ་དུ་བསྐྱོད་ནས་འཚམས་འདྲི་ཞུ་བ་དང་།  དུས་ཚིགས་རེར་ཞིབ་དཔྱད་ཐེངས་རེ་བྱ་རྒྱུ་ཡིན་པ་རེད། །

中央广播电视总台 央广网 版权所有

རང་རྒྱལ་གྱིས་ཐེམ་ཐོ་སྤོས་མེད་པའི་རྒྱུན་སྡོད་མི་འབོར་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་རྒྱུ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་སྐོར་གྱི་འཆར་ཅན་ཟུར་གསལ་ཚོགས་འདུ་འཚོགས་ནས།