ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

འཛད་རྫས་རྙིང་ཚབ་གསར་བརྗེའི་བྲིན་ཚོང་དངུལ་སྒོར་དུང་ཕྱུར་6ལྷག་ཟིན།

2026-05-21 15:17:00     责编:娜科

  ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོང་དོན་པུའི་འབྲེལ་ཡོད་འགན་འཁུར་བས། འཛད་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས། རིག་ནུས་དང་ལྗང་མདོག་སོགས་ཐོན་རྫས་བྲིན་ཚོང་མགྱོགས་མྱུར་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད་ཅེས་བརྗོད་ཡོད།

 

 

ད་ལོའི་ཟླ་དང་པོ་ནས་ཟླ་བཞི་པའི་བར། འཛད་རྫས་རྙིང་ཚབ་གསར་བརྗེས་རིམ་རྩིས་བྱས་ན་འབྲེལ་ཡོད་ཚོང་ཟོག་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་6069.3ཟིན་པར་སྐུལ་ཁྲིད་ཐུབ་ཡོད་པ་དང་། མི་ཐེངས་ཁྲི་8223.4ལ་ཕན་པ་ཐོབ་ཡོད། སྲིད་ཇུས་ཀྱིས་རིག་ནུས་དང་ལྗང་མདོག་སོགས་ཐོན་རྫས་བྲིན་ཚོང་བྱེད་ཚད་མགྱོགས་མྱུར་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། དེའི་ནང་། ཟླ་དང་པོ་ནས་ཟླ་བཞི་པའི་བར་གྲངས་འཛིན་དང་རིག་ནུས་ཐོན་རྫས་བྲིན་ཚོང་བྱེད་ཚད་དུས་མཚུངས་ལས་26.1%འཕར་ཡོད། ཟླ་བཞི་པར། གཙོ་གནད་ལས་སྟེགས་ཀྱི་རིག་ནུས་མིག་ཤེལ་བྲིན་ཚོང་དངུལ་འབོར་ལྡབ་5འཕར་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཁྲོམ་རའི་སིམ་འཛུལ་བྱེད་ཚད་ལོ་རྒྱུས་ཐོག་མཐོ་ཤོས་ཀྱི་61.3%ཟིན་ཡོད།

 

 

རང་རྒྱལ་གྱིས་ས་གནས་ནས་རིག་ནུས་དང་རྒན་རྒོན་ལ་འཚམ་པ་སོགས་ལ་གཞིགས་ནས་ཡུལ་བབ་དང་བསྟུན་ཏེ་རྙིང་ཚབ་གསར་བརྗེའི་རང་བརྟེན་ཚོང་རྟགས་རིགས་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། གསར་དར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་མ་ཟད། མང་ཚོགས་ཀྱི་རིམ་སྤོར་འཛད་སྤྱོད་དགོས་མཁོ་དང་ཡང་འཚམ་པ་བྱས་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད། 

ཡིག་སྒྱུར། བཀྲ་ཤིས་རྣམ་རྒྱལ།

中央广播电视总台 央广网 版权所有

འཛད་རྫས་རྙིང་ཚབ་གསར་བརྗེའི་བྲིན་ཚོང་དངུལ་སྒོར་དུང་ཕྱུར་6ལྷག་ཟིན།

རང་རྒྱལ་གྱིས་ས་གནས་ནས་རིག་ནུས་དང་རྒན་རྒོན་ལ་འཚམ་པ་སོགས་ལ་གཞིགས་ནས་ཡུལ་བབ་དང་བསྟུན་ཏེ་རྙིང་ཚབ་གསར་བརྗེའི་