ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཟླ་བ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐད་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར་2008བཏང་བ།

2026-05-14 09:59:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པས་ཟླ་5ཚེས་13ཉིན་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ལྕགས་ལམ་ཐད་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར་2008བཏང་ཡོད་པ་དེ་དུས་མཚུངས་ལས་3.2%འཕར་ཡོད་པ་རེད། 
ད་ལོ་ནས་བཟུང་རྒྱལ་ཁབ་ལྕགས་ལམ་ཚོགས་པས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ནས་རྒྱལ་ཁབ་ཀྱི་“གཙོ་གཉིས་”རྒྱབ་སྐྱོར་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ཏེ་དཔྱིད་དུས་ཀྱི་ཨར་ལས་དུས་སྐབས་ཡག་པོ་དམ་འཛིན་དང་ལག་རྩལ་གསར་པ་རྒྱ་ཁྱབ་ངང་སྤྱད་དེ། གཙོ་གནད་རྣམ་གྲངས་ཁག་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འཕེལ་རིམ་ཡག་པོ་ཐོན་ཡོད། 
ཟླ་4པར་ཤིས་ཨན་ནས་ཨན་ཁང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཧང་ཀྲོའུ་ནས་ཧྲའོ་ཤིང་དང་དེ་ནས་ཐའེ་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ། ཝུན་ལིང་ནས་ཡུས་ཧོན་བར་གྱི་ལྕགས་ལམ་དུམ་བུ་བཅས་གཅིག་རྗེས་གཉིས་མཐུད་ངང་ཞིབ་བཤེར་རྩིས་ལེན་བྱེད་འགོ་ཚུགས་པ་དང་། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་སི་ཁྲོན་དང་ཡུན་ནན་དུམ་བུ་ལྕགས་ལམ་འདིང་བའི་དུས་སུ་སླེབས་པ། ཁྲུང་ཆིང་ནས་ཝན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་ཚང་མ་ཤར་གཏོང་ཐུབ་པ། ཁྲེང་ཏུའུ་དང་ཁྲུང་ཆིང་བར་གྱི་ལམ་ཐིག་བར་མའི་མྱུར་བགྲོད་ལྕགས་ལམ་གྱི་ཁྲུང་ཆིང་ཚན་རིག་གྲོང་འབབ་ཚིགས་དང་ཐེན་ཅིན་ནས་ཝུའེ་ཧྥང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཅིན་ཀུའུ་ཧའེ་ཧོ་ཆུ་བོའི་ཕུག་ལམ་སོགས་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཁག་གཅིག་གི་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅིང་། མ་འཇོག་ནུས་ལྡན་ཡོང་བའི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྒུལ་ནུས་གསར་པ་བསྣན་ཡོད། 

中央广播电视总台 央广网 版权所有

ཟླ་བ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐད་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར་2008བཏང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པས་ཟླ་5ཚེས་13ཉིན་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར།