ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དུས་ཚིགས་དང་པོར་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་གཉེར་སྐྱོང་གཙོ་གཟུགས་ཁྲི་509.8ཟིན་པ།

2026-05-14 09:49:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཟླ་5ཚེས་13ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་གཉེར་སྐྱོང་གཙོ་གཟུགས་ཁྲི་509.8ཟིན་ཡོད། ཐོན་ལས་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་སུ་གསར་དུ་བཙུགས་པའི་གཉེར་སྐྱོང་གཙོ་གཟུགས་ཀྱི་གྲངས་འབོར་ནི་ཁག་སོ་སོར་ཁྲི་22.9དང་། ཁྲི་39.6  ཁྲི་447.3བཅས་ཡིན། ཟླ་3པའི་ཟླ་མཇུག་བར་སླེབས་དུས། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི“གསར་པ་བཞིའི”དཔལ་འབྱོར་ཁེ་ལས་ཁྲི་2684.8ཟིན་པ་དེ་དུས་མཚུངས་ལས་6.8%འཕར་ཡོད་པ་རེད། 
བཟོ་སྐྲུན་ལས་རིགས་ཀྱི་འབྲེལ་ཡོད་ཁེ་ལས་བརྗེ་སྒྱུར་རིམ་སྤོར་བྱས་ཡོད། དུས་ཚིགས་དང་པོར། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་མགྱོགས་མྱུར་འཕར་ནས། “འདུས་གྲུབ་གློག་ལམ་བཟོ་སྐྲུན་”དང“རིག་ནུས་མི་མེད་འཕུར་སྐྱོད་འཕྲུལ་ཆས་བཟོ་སྐྲུན”གྱི་གསར་དུ་བཙུགས་པའི་གཉེར་སྐྱོང་གཙོ་གཟུགས་དུས་མཚུངས་ལས་ཁག་སོ་སོར་31.0%དང་15.7%འཕར་ཡོད་པ་རེད། ཞབས་ཞུའི་ལས་རིགས་ཀྱི་ཐོན་ནུས་ཆེ་གཏོང་དང་སྤུས་ཚད་ལེགས་གཏོང་བྱུང་བ་དང་།  “ཞིབ་བཤེར་ཞིབ་དཔྱད་ཚད་ལེན་ཞབས་ཞུ”དང་“ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་ཞབས་ཞུ་”ཡི་གསར་དུ་བཙུགས་པའི་གཉེར་སྐྱོང་གཙོ་གཟུགས་ཚང་མ་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས། ཐོན་ལས་རིམ་སྤོར་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་ལ་རམ་འདེགས་ཐུབ་ཡོད་པ་རེད།

中央广播电视总台 央广网 版权所有

དུས་ཚིགས་དང་པོར་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་གཉེར་སྐྱོང་གཙོ་གཟུགས་ཁྲི་509.8ཟིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཟླ་5ཚེས་13ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར།