ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དང་ཨ་རིའི་འགོ་གཙོའི་མཇལ་འཕྲད་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ།

2026-05-13 09:34:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་མཇལ་འཕྲད་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཞིང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་རྒྱ་ཆེར་བཏང་ནས་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་ངེས་གཏན་རང་བཞིན་དེ་བས་མང་བ་སྣོན་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།  
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མགྲིན་ཚབ་པ་གཞོན་པ་ཧྥའར་ཧན་གྱིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་ཧུར་ཐག་ངང་གླེང་མོལ་བྱས་པར་ང་ཚོས་བསྔགས་བརྗོད་བྱ་རྒྱུ་དང་། ཕྱོགས་གཉིས་པོ་མུ་མཐུད་གླེང་མོལ་གྱི་ལམ་བུའི་ཐོག་མདུན་དུ་བསྐྱོད་པའི་རེ་བ་ཡོད། ཨ་རི་དང་ཀྲུང་གོ་ནི་འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་ཆེ་ཤོས་གཉིས་ཡིན་པས་ཕྱོགས་གཉིས་པོས་དཔལ་འབྱོར་སྲིད་ཇུས་ཀྱི་ཕྱོགས་འགལ་ཐག་གཅོད་འོས་འཚམ་བྱས་ཚེ་འཛམ་གླིང་ལ་ཕན་ཐོགས་ཡོད་ཅེས་གསུངས་ཡོད། 
འཛམ་གླིང་ཉོ་ཚོང་ལྟེ་གནས་མཐུན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཏེ་ལུའུ་ཡིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་འགོ་གཙོ་མཇལ་འཕྲད་གནང་བ་དེས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་གཏུག་ཟབ་ཏུ་གཏོང་ཞིང་། ཕན་ཚུན་གྱི་ཡིད་ཆེས་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད་པའི་ངོས་འཛིན་གནང་གི་ཡོད།  
གོ་ལ་ཧྲིལ་པོའི་ཉོ་ཚོང་ལ་ངེས་གཏན་མེད་པའི་རང་བཞིན་འཕྲད་པའི་རྒྱབ་ལྗོངས་འོག ཨ་རིའི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་ལྷག་བསམ་ཟོལ་མེད་དང་ཐད་ཀར་འབྲེལ་གཏུག་བྱས་པ་བརྒྱུད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་ལག་རྩལ་སྤེལ་རེས་ལ་ཤུགས་སྣོན་ཡོང་རྒྱུ་དང་། མཉམ་ལས་སྔར་བས་ལེགས་པ་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་དང་དེ་བཞིན་འཛམ་གླིང་ཡོངས་ལ་ཕན་བདེ་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད།     
ཨ་རིའི་ལུའོ་པོ་ཐེ·མོ་ལི་སི་སློབ་ཆེན་གྱི་རིག་གནས་པ་མོ་ལེ་ཏིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ཚེ་འཛམ་གླིང་ལ་ཕན་པ་ཐོབ་ངེས་རེད་ཅེས་བསྟན་ཡོད། 
ཨ་རིའི་ཙུང་ཐུང་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཉིས་ནས་འགོ་གཙོའི་མཇལ་འཕྲད་གནང་གྲབས་ཡོད་པ་དང་།  དེ་གོ་ལ་ཧྲིལ་པོའི་ངོས་ནས་བརྗོད་ན་གཏམ་བཟང་ཞིག་ཡིན།  མིག་སྔའི་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་མཇལ་འཕྲད་དེ་ལྷག་པར་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད། འཛམ་གླིང་ཡོངས་ཀྱིས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་མཇལ་འཕྲད་གནང་བ་དེས་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དེ་བས་མང་བ་བསྐྲུན་རྒྱུར་རེ་སྒུག་བྱེད་ཀྱི་ཡོད། ཨ་རི་དང་ཀྲུང་གོས་མཐུན་སྒྲིལ་མཉམ་ལས་བྱས་ཚེ་གཞི་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དེ་བས་མང་བར་དངོས་སུ་ཁ་གཏད་གཅོག་ཐུབ་པ་ང་རང་ནས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད། 
ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་སློབ་ཆེན་གྱི་ཨ་ཧྥེ་རི་ཁ་དང་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཨེན་ཁ་ལ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའི་དབར་གྱི་མཇལ་འཕྲད་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དེ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་མཐུན་པ་མ་ཟད། འཛམ་གླིང་ཧྲིལ་པོའི་བརྟན་ལྷིང་དང་འཕེལ་རྒྱས་དང་ཡང་འབྲེལ་བ་ཡོད་ཅེས་གསུངས་ཡོད། 

中央广播电视总台 央广网 版权所有

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དང་ཨ་རིའི་འགོ་གཙོའི་མཇལ་འཕྲད་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དང་ཨ་རིའི་འགོ་གཙོའི་མཇལ་འཕྲད་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་གཉིས་པོས་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་ངེས་གཏན་རང་བཞིན་དེ་བས་མང་བ་སྣོན་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་པ།