ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རང་རྒྱལ་གྱི་གྲོང་གསེབ་ཏུ་ཆུ་ཀ་ལ་ཁྱབ་གདལ་བྱུང་ཚད་96%ཟིན་པ་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།

2026-05-13 09:31:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་12ཉིན་ཆུ་བེད་པུའུ་ཡིས་ན་ནིང་ལོ་མཇུག་བར། རྒྱལ་ཡོངས་གྲོང་གསེབ་ཀྱི་ཆུ་ཀ་ལ་ཁྱབ་གདལ་བྱུང་ཚད་96%ཟིན་པ་དང་། རང་རྒྱལ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་ཅེས་བཤད་འདུག  
ཆུ་བེད་པུའི་པུའུ་ཀྲང་གཞོན་པ་ཙུའུ་ལུའེ་མིང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2025ལོའི་ལོ་མཇུག་བར། རྒྱལ་ཡོངས་གྲོང་གསེབ་ཀྱི་ཆུ་ཀ་ལའི་གཞི་ཁྱོན་ཅན་གྱི་ཆུ་མཁོ་འདོན་ལས་གྲྭ་དེ་གྲོང་གསེབ་མི་འབོར་ལ་ཁྱབ་པའི་བསྡུར་ཚད་71%ཟིན་པ་དང་། རྫོང་ཁོངས་ཀྱི་གཅིག་གྱུར་དོ་དམ་བསྡུར་ཚད་72%ཟིན་ཡོད་པ་རེད། 
ཙུའུ་ལེ་མིང་གིས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། 2025ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ད་ཆ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་ཁྲི་381.6ཡོད་པ་དེས་གྲོང་གསེབ་ཀྱི་མི་འབོར་དུང་ཕྱུར་8.5ལ་ཁྱབ་པའི་དྲ་རྒྱ་ཅན་གྱི་ཆུ་མཁོ་འདོན་འགན་ལེན་ནུས་པ་གྲུབ་པ་དང་། དེའི་ནང་གྲོང་གསེབ་ཀྱི་གཅིག་སྡུད་ཆུ་མཁོ་འདོན་ལས་གྲྭ་ཁྲི་43.8ཀྱིས་མི་འབོར་དུང་ཕྱུར་8.3ལ་ཞབས་འདེགས་ཞུ་བཞིན་ཡོད་ཅིང་། ཐག་རིང་རི་ཁུལ་དང་ཆུ་སྤྱོད་དཀའ་བའི་ས་ཁུལ་དུ་རིམ་བཞིན་ཆུ་ཀ་ལ་སྤྱོད་ཐུབ་ཡོད་ཅེས་བཤད་ཡོད། 
མིག་སྔར། རྒྱལ་ཡོངས་སུ་དཔྱིད་ཀའི་ཞིང་ཆུ་གཏོང་བའི་ལས་ཀ་གཞི་ཁྱོན་ཆེན་པོས་སྤེལ་གྱི་ཡོད་པ་དང་། ཆུ་བེད་པུས་འབབ་རྒྱུད་ཀྱི་ཆུའི་ལས་གྲྭའི་བཀོད་གཏོང་དང་ ཞིང་ཆུ་གཏོང་ཁུལ་གྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་པས་ཚན་རིག་དང་མཐུན་པའི་ངང་ཞིང་ཆུ་གཏོང་བར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད། 

中央广播电视总台 央广网 版权所有

རང་རྒྱལ་གྱི་གྲོང་གསེབ་ཏུ་ཆུ་ཀ་ལ་ཁྱབ་གདལ་བྱུང་ཚད་96%ཟིན་པ་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་12ཉིན་ཆུ་བེད་པུའུ་ཡིས་ན་ནིང་ལོ་མཇུག་བར། རྒྱལ་ཡོངས་གྲོང་གསེབ་ཀྱི་ཆུ་ཀ་ལ་ཁྱབ་གདལ་བྱུང་ཚད་96%ཟིན་པ་དང་།