ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཀྲུང་གོའི་ནང་སོག་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྤྱིའི་ཇུས་གཞི་》པར་འགྲེམས་བྱས་པ།

2026-04-10 09:43:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཀྲུང་གོའི་ནང་སོག་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་སྤྱིའི་ཇུས་གཞི་》པར་འགྲེམས་བྱས་པ་དང་། 《སྤྱིའི་ཇུས་གཞིའི་》ནང་། ཏང་ཀྲུང་དབྱང་གིས་ནང་སོག་ལ་སྤྲད་པའི་འཐབ་ཇུས་ངེས་གནས་དོན་འཁྱོལ་ཡག་པོ་བྱས་ནས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དེ་དུས་རབས་གསར་པའི་བསྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པར་འཛུགས་སྐྲུན་བྱེད་པ་དང་། ནང་སོག་གི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་མི་རིགས་ས་ཁུལ་གྱི་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་དཔེ་བཟང་རང་སྐྱོང་ལྗོངས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད། 
《སྤྱིའི་ཇུས་གཞིའི་》ནང་།  ནང་སོག་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་ལ་བསྒྱུར་བཅོས་ཀྱི་རང་བདག་དབང་ཆ་དེ་བས་ཆེ་བ་སྤྲོད་རྒྱུ་དང་། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱ་རྒྱུར་སྐུལ་མ་གཏོང་རྒྱུ། ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་རིམ་པ་དེ་བས་གཏིང་ཟབ་སར་གསར་གཏོད་རང་བཞིན་དང་། འདུས་གྲུབ་ཅན། ཁྱད་པར་ཅན་བཅས་ཀྱི་འཚོལ་ཞིབ་བྱ་རྒྱུ་བཅས་བཏོན་ཡོད། མཐའ་མཚམས་ཡུལ་མིའི་དབར་གྱི་ཉོ་ཚོང་གསར་གཏོད་དང་གོང་འཕེལ་གཏོང་བ་དང་། རྒྱལ་སྤྱིའི་ཟོག་འགྲེམས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་བེད་སྤྱོད་ཕན་ནུས་ཆེ་རུ་གཏོང་བ། ཁྱབ་ཁོངས་མང་པོའི་ཕྱི་ཕྱོགས་སྤེལ་རེས་རྒྱ་ཆེར་གཏོང་བ་སོགས་ཕྱོགས་19ཐད་ཀྱི་བསྒྱུར་བཅོས་གསར་གཏོད་བྱ་ཐབས་ཁ་གསལ་བཟོས་ནས། ཕྱི་ནང་སྦྲེལ་མཐུད་དང་མཐའ་འཁོར་ཁྱབ་འགྱེད་ཀྱི་ཆ་འཕྲིན་སྤེལ་རེས་ལྟེ་གནས་དང་། འགྲིམ་འགྲུལ་ཟོག་འགྲེམས་ལྟེ་གནས། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་བཀོད་སྒྲིག་ལྟེ་གནས།  ཁྱབ་ཁོངས་གཙོ་བོའི་ཚན་རྩལ་གསར་གཏོད་ལྟེ་གནས། ཐོན་ལས་མཉམ་ལས་ལྟེ་གནས་བཅས་ཧུར་ཐག་བསྐྲུན་རྒྱུ་ཡིན་པ་རེད།

中央广播电视总台 央广网 版权所有

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཀྲུང་གོའི་ནང་སོག་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྤྱིའི་ཇུས་གཞི་》པར་འགྲེམས་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཀྲུང་གོའི་ནང་སོག་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་སྤྱིའི་ཇུས་གཞི་》པར་འགྲེམས་བྱས་པ་དང་། 《སྤྱིའི་ཇུས་གཞིའི་》ནང་།