ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རིག་ལྡན་ཞིང་ལས་ཀྱིས་ས་གནས་ཁག་གི་དཔྱིད་རྨོས་དང་ཞིང་ནང་གཡོག་བྱེད་ཐད་ནུས་པ་སྦྱིན་པ།

2026-04-09 17:42:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གནམ་གཤིས་དྲོ་རུ་འགྲོ་བ་དང་བསྟུན་ནས། དཔྱིད་རྨོས་དང་ཞིང་ནང་གཡོག་བྱེད་ཀྱི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། རིག་ལྡན་ཞིང་ལས་འཕྲུལ་ཆས་ད་ལོའི་དཔྱིད་རྨོས་དང་ཞིང་ནང་གཡོག་བྱེད་ཀྱི་གཙོ་ཤུགས་དམག་ཏུ་གྱུར་ཡོད། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་པ་དང་། ཚན་རྩལ་གྱིས་ནུས་པ་སྦྱིན་ནས། ནུས་ཤུགས་ཡོད་རྒུས་ལོ་ལེགས་ཡོང་བའི་རྨང་གཞི་བརྟན་དུ་གཏོང་བཞིན་ཡོད་པ་རེད།
དྭངས་གསལ་དུས་ཚིགས་སྐབས། ཧོ་པེ་ཧྲི་ཅ་ཀྲོང་ལུའུ་ཆོན་ཁུལ་སི་ཅ་ཀྲོང་གྲོང་རྡལ་གྱི་ཞིང་ར་ཡོངས་སྔོ་ཐིང་ངེར་གནས་ཡོད། སྙོམས་སྤོས་གཏོར་འགྲེམ་འཕྲུལ་འཁོར་དལ་བུར་སྐྱོད་བཞིན་ཡོད་པ་དང་། ཆུ་སྨུག་གྲོ་རྡོག་རེ་རེའི་ཐོག་གཏོར་བཞིན་ཡོད། ནུས་རྒྱུ་གྲོན་ཆུང་དང་ཆུ་གྲོན་ཆུང་བྱེད་པ་དང་དུས་མཚུངས་ཞིང་ནང་གཡོག་བྱེད་ཀྱི་ལས་ཆོད་ཀྱང་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། ཧོ་པེ་ཞིང་ཆེན་ཚན་རྩལ་གསར་གཏོད་ཞབས་ཞུ་ལྟེ་གནས་ཕྱེད་སྐམ་ཤས་ཞིང་ལས་ལས་གྲྭ་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲེང་ཁྲེང་ཧའེ་ཡིས། ས་ཞིང་འདིའི་རྒྱ་ཁྱོན་ལ་ཧ་ལམ་མུའུ་200ལ་ཉེ་བ་ཡོད། དེ་སྔ་ང་ཚོས་ས་ཞིང་ལ་ཆུ་རྒྱག་སྐབས་ཉུང་མཐར་ཡང་མི་གཉིས་དགོས་ཀྱི་ཡོད། ད་ལྟ་ང་ཚོས་རྦད་དེ་རང་འགུལ་ཅན་གྱི་ཆུ་གཏོར་འཕྲུལ་ཆས་བེད་སྤྱོད་བྱེད་ཀྱི་ཡོད་པས་མི་གཅིག་མ་གཏོགས་དགོས་ཀྱི་མེད་ལ་རིག་ནུས་ཁ་པར་ཐོག་གི་appཡིས་ཐར་ཀར་ཚོད་འཛིན་བྱེད་ཐུབ་ཅེས་བརྗོད་ཡོད།
ཞིང་ཐའེ་ཧྲ་ཧོ་གྲོང་ཁྱེར་དུ། བྱེད་ནུས་སྣ་ཚོགས་ལྡན་པའི་མི་མེད་གནམ་གྲུ་ཞིག་ཞིང་རའི་ཐོག་འཕུར་སྐྱོད་བྱེད་བཞིན་ཡོད་པ་དང་། དེས་བསྡུ་ལེན་ཐུབ་པའི་ཞིབ་ཚད་མཐོ་བའི་འོད་ཚོར་མང་བའི་གྲངས་གཞིས་ཆེད་མངགས་ཀྱི་དོ་དམ་སྲུང་སྐྱོང་གི་ཇུས་གཞི་བཟོ་ཐུབ། ཞིང་ལས་ལག་རྩལ་མི་སྣས་ཇུས་གཞི་དེར་གཞིགས་ནས་གནད་འཕིགས་ངང་ཆུ་ལུད་དང་། ཞིང་སྨན་རྒྱག་རྒྱུར་བཀོད་སྒྲིག་བྱེད་ཆོག་གི་ཡོད། ས་གནས་དེ་གའི་སྐྱེ་དངོས་སྲུང་སྐྱོབ་ཞབས་ཞུ་རུ་ཁག་ཅིག་གི་རུ་དཔོན་ཁྲེན་ལི་ཅེ་ཡིས། འོད་ཚོར་མང་བའི་གྲངས་གཞི་དེ་མུའུ་རིམ་པར་ཞིབ་ཚགས་སུ་གཏོང་ཐུབ་པས། ཞིང་ཁ་རེ་རེར་ཆེད་མངགས་ཀྱི་བྱ་ཐབས་རེ་བཟུང་ཐུབ། མི་མེད་གནམ་གྲུ་གཅིག་གི་ཉིན་གཅིག་གི་ལས་སྒྲུབ་བྱེད་ཚད་མུའུ་སྟོང་ལ་ཉེ་བ་ཟིན་ཞིང་། ལས་ཆོད་ནི་མི་ཐབས་ཀྱི་ལྡབ་20ལྷག་ཙམ་ཡིན་པ་དང་། ད་དུང་ཞིང་སྨན་གྲོན་ཆུང་བྱེད་ཐུབ་ཅེས་བརྗོད་ཡོད།

中央广播电视总台 央广网 版权所有

རིག་ལྡན་ཞིང་ལས་ཀྱིས་ས་གནས་ཁག་གི་དཔྱིད་རྨོས་དང་ཞིང་ནང་གཡོག་བྱེད་ཐད་ནུས་པ་སྦྱིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གནམ་གཤིས་དྲོ་རུ་འགྲོ་བ་དང་བསྟུན་ནས། དཔྱིད་རྨོས་དང་ཞིང་ནང་གཡོག་བྱེད་ཀྱི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། རིག་ལྡན་ཞིང་ལས་འཕྲུལ་ཆས་ད་ལོའི་དཔྱིད་རྨོས་དང་ཞིང་ནང་གཡོག་བྱེད་ཀྱི་གཙོ་ཤུགས་དམག་ཏུ་གྱུར་ཡོད།