སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་ཞིབ་བྱ་ཡུལ་ཚན་པ་འདི་དག་རེད་འདུག
2026-04-09 17:21:00 责编:卓玛才让
ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་ཞིབ་ཚོགས་ཆུང་གིས་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། དམངས་སྲིད་པུའུ། ཁྲིམས་འཛིན་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཆུ་བེད་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ། འཕྲལ་བསྟུན་དོ་དམ་པུའུ་བཅས་དང་དེ་བཞིན་རྒྱལ་ཁབ་ཡིག་འབུལ་ཞུ་བཅར་ཅུས་དང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས། ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་བཟོ་སྐྲུན་ཁང་། རྒྱལ་ཁབ་གནས་སྤོ་ཡུལ་མི་དོ་དམ་ཅུས། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས། རྒྱལ་ཁབ་སྦྲག་སྲིད་ཅུས། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས། རྒྱལ་ཁབ་ནད་རིགས་འགོག་བཅོས་ཚོད་འཛིན་ཅུས། རྒྱལ་ཁབ་གཏེར་ཁའི་བདེ་འཇགས་ལྟ་སྐུལ་ཅུས། རྒྱལ་ཁབ་མེ་གསོད་མྱུར་སྐྱོབ་ཅུས། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས། ཀྲུང་གོ་ས་ཡོམ་ཅུས། ཀྲུང་གོ་གནམ་གཤིས་ཅུས་དེ་མིན་ད་དུང་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོ་རྒན་རྒོན་མཐུན་ཚོགས། ཀྲུང་གོ་བཟོ་སྐྲུན་དངོས་ཁམས་ཞིབ་འཇུག་ཁང་། ཀྲུང་གོ་ཚན་རིག་དང་ལག་རྩལ་མཐུན་ཚོགས། ཀྲུང་གོ་ཁྲིམས་ལུགས་སློབ་གཉེར་ཚོགས་པ། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ལས་ཁུངས། ཀྲུང་གོ་ཞིང་ལས་ཚན་རིག་ཁང་བཅས་ཚན་པ་36གི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་ཡིན་པ་རེད།
















