ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དྭངས་གཙང་ནུས་རྒྱུས་ལྗང་མདོག་གི་འཚོ་བ་གསར་པར་ནུས་ཤུགས་བསྩལ།

2026-04-03 13:57:00     责编:卓玛才让
   “ལོ་ལྔ་ཚན་བཅོ་ལྔ་པ་”ཡིའི་འཆར་འགོད་རྩ་གནད་ནང་། མཚོ་ཐོག་རླུང་གློག་རྟེན་གཞི་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན་ཡོད། ཀོང་ཏུང་དབྱང་ཅང་ནི་ཀོང་ཏུང་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཆུང་ཆུང་ཡིན་ལ། དེར་རྒྱལ་ནང་གི་གཞི་ཁྱོན་ཆེ་ཤོས་ཀྱི་མཚོ་ཐོག་རླུང་གློག་སྒྲིག་ཆས་བཟོ་སྐྲུན་རྟེན་གཞི་དང་དེ་བཞིན་མཚོ་ཐོག་རླུང་གློག་ར་བ་མང་པོ་ཡོད་པ་རེད། མིག་སྔར་དེ་གར་མཚོ་ཐོག་རླུང་གློག་སྒྲིག་ཆས་བཟོ་སྐྲུན་བྱ་རྒྱུ་དེ“ནུས་ཚད་ཆེ་བ་དང་རྒྱང་རིང་གཏིང་ཟབ་པའི”ཕྱོགས་སུ་རིམ་སྤོར་བྱེད་བཞིན་ཡོད།
རྒྱང་རིང་གཏིང་ཟབ་པའི་རྒྱ་མཚོའི་རླུང་གློག་གསར་སྤེལ་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དེ། “ལོ་ལྔ་ཚན་བཅོ་ལྔ་པ་”ཡི་འཆར་འགོད་རྩ་གནད་ནང་ཐེངས་དང་པོ་བཀོད་ཡོད། ལོ་ལྔ་གསར་པའི་ནང་། རང་རྒྱལ་གྱི་མཚོ་ཐོག་རླུང་གློག་གི་དྲ་སྦྲེལ་སྒྲིག་སྦྱོར་གཞི་ཁྱོན་རིམ་རྩིས་བྱས་ན་ཆན་སྟོང་དུང་ཕྱུར་1ཡན་ཟིན་པ་དེ་ནི་“ལོ་ལྔ་ཚན་བཅུ་བཞི་པ་”ཡི་དུས་མཇུག་ལས་ལྡབ་གཅིག་འཕར་ཡོད།
མཚོ་ཐོག་རླུང་གློག་ཕུད་ཁྱབ་ཁོངས་གཞན་དུའང་གོ་སྐབས་གསར་པ་མང་པོ་ཞིག་ཡོད།  “ལོ་ལྔ་ཚན་བཅོ་ལྔ་པ་”ཡི་འཆར་འགོད་རྩ་གནད་ནང་། འགྱུར་རྡོ་མིན་པའི་ནུས་རྒྱུ་ལོ་བཅུའི་རིང་ལྡབ་འཕར་ཡོང་བ་བྱ་རྒྱུའི་བྱ་སྤྱོད་ལག་བསྟར་བྱས་ནས། 2025ལོ་གཞི་འཛིན་སར་བྱས་ཏེ། 2035ལོར་སླེབས་སྐབས་འགྱུར་རྡོ་མིན་པའི་ནུས་རྒྱུའི་འཛད་སྤྱོད་སྤྱི་འབོར་ལྡབ་འཕར་ཡོང་བ་བྱེད་དགོས་ཞེས་ཐོག་མར་བཏོན་ཡོད། 
“ལོ་ལྔ་ཚན་བཅོ་ལྔ་པ་”ཡི་འཆར་འགོད་རྩ་གནད་ནང་། མཚོ་ཐོག་རླུང་གློག་རྟེན་གཞི་དང་། མཚོ་རྒྱུད་ཉིང་རྡུལ་གློག་གི་རྟེན་གཞི། “བྱང་གསུམ་”རླུང་གློག་འོད་ཤུགས་རྟེན་གཞི། ལྷོ་ནུབ་ཆུ་དང་རླུང་གློག་བཅས་གཞི་གཅིག་ཅན་གྱི་རྟེན་གཞི་སོགས་ནུས་ཁུངས་གཙང་མའི་རྟེན་གཞི་ཆ་ཚང་དུ་གཏོང་བ་དང་། ནུས་ཁུངས་གསར་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེན་བྱས་ཡོད། 2030ལོའི་སྔ་རྗེས་སུ། ང་ཚོས་སྤྱོད་པའི་གློག་ཏུའུ་གཉིས་རེའི་ནང་ཧ་ལམ་གློག་ཏུའུ་གཅིག་ནི་འགྱུར་རྡོ་མིན་པའི་ནུས་རྒྱུ་ལས་བྱུང་བ་ཞིག་རེད།
ནུས་རྒྱུ་དྭངས་གཙང་ཅན་དུ་འགྱུར་ཚད་མཐོ་རུ་བཏང་ནས། ཐཱན་གཅོག་གི་རྨང་གཞི་བརྟན་དུ་བཏང་ཡོད། “ལོ་ལྔ་ཚན་བཅོ་ལྔ་པ་”ཡི་ནང་། རང་རྒྱལ་གྱི་ཚན་པ་རེའི་GDPཡི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་རིམ་རྩིས་བྱས་ན་17%དམའ་རུ་འགྲོ་རྒྱུ་ཡིན་པ་དང་། དེ་ལོ་རེར་སའེ་ཧན་པ་ནགས་ར་500ལྷག་ཙམ་མང་དུ་བསྐྲུན་པ་དང་འདྲ་མཚུངས་ཡིན། 
“ལོ་ལྔ་ཚན་བཅོ་ལྔ་པ་”ཡི་དུས་མཇུག་ཏུ། རང་རྒྱལ་གྱི་ལྗང་མདོག་ཐཱན་ཉུང་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་20ལས་བརྒལ་ནས། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྗང་མདོག་སྒུལ་ནུས་རྒྱུན་ཆད་མེད་པར་སྣོན་རྒྱུ་རེད།
2030ལོར་རྒྱང་ལྟ་བྱས་ན། ལྗང་མདོག་རྩིས་ཤུགས་དང་ལྗང་མདོག་གྲུ་གཟིངས་ཀྱིས་བློ་སྒོ་གསར་པ་འབྱེད་པ།
ཕྱོགས་ཡོངས་ནས་ལྗང་མདོག་བརྗེ་སྒྱུར་བྱེད་པའི་ཁྲོད་ལས་རིགས་རེ་རེ་དང་། ཁེ་ལས་རེ་རེ། མི་རེ་ངོ་རེ་བཅས་ཚང་མ་ནི་དེའི་ནང་ཞུགས་མཁན་དང་། འཛུགས་སྐྲུན་བྱེད་མཁན། ཕན་པ་ཐོབ་མཁན་བཅས་ཡིན། དེ་ན་ཚང་མས་“ལོ་ལྔ་ཚན་བཅོ་ལྔ་པ་”ཡི་ཕྱོགས་ཡོངས་ཀྱི་ལྗང་མདོག་བརྗེ་སྒྱུར་ལ་རེ་སྒུག་ཅི་ཞིག་ཡོད་དམ། ཡང་ན་ཕུགས་འདུན་ཅི་ཞིག་ཡོད་དམ་ཞེ་ན།  
ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འཁོར་བདག་སྐུ་ཞབས་ཀུང་ལགས་ཀྱིས། འབྱུང་འགྱུར་གློག་གསོག་ས་ཚིགས་དང་གློག་གསོག་ཕུར་པ་དེ་རིགས་ཇེ་མང་ནས་ཇེ་མང་དུ་འགྲོ་སྲིད་པས། སླད་ཕྱིན་ང་ཚོ་ཕྱི་རོལ་དུ་གཞུང་དོན་སྒྲུབ་པའམ་ཡང་ན་ཡུལ་སྐོར་ལ་འགྲོ་བ་གང་ཡིན་རུང་དེ་བས་སྟབས་བདེ་ཡོང་རྒྱུ་རེད་ཅེས་བཤད། 
གྲོང་མི་སྐུ་ཞབས་ཕེང་ལགས་ཀྱིས། ང་ཚོས་ལྗང་མདོག་ནུས་རྒྱུ་སྤྱད་ཚེ་ཐཱན་འབུད་ཚད་དེ་བས་ཆུང་དུ་འགྲོ་གི་ཡོད། ངའི་བསམ་པར་སླད་ཕྱིན་ང་ཚོའི་ཁོར་ཡུག་སྔར་བས་མཛེས་པ་དང་། གནམ་དེ་བས་སྔོ་བ།  ཁྲོམ་ལམ་དེ་བས་གཙང་དུ་འགྲོ་གི་རེད་ཅེས་བཤད། 
ཀྲེ་ཅང་ཞིང་ཆེན་འཛུགས་སྐྲུན་ཇུས་འགོད་ཞིབ་འཇུག་ཁང་གི་མཐོ་རིམ་བཟོ་སྐྲུན་ཆེ་མོ་བ་མཱ་ཅུན་གྱིས། གསར་དུ་བསྐྲུན་པའི་གྲོང་མིའི་སྡོད་ཁང་ཡིན་ནའང་འདྲ། ཡང་ན་གསར་དུ་བསྐྲུན་པའི་སྤྱི་པའི་འཛུགས་སྐྲུན་ཁང་པ་ཡིན་ནའང་འདྲ། ང་ཚོས་མང་ཚོགས་ནས་མཐོང་ཐུབ་པ་དང་རེག་ཐུབ་པའི་ལྗང་མདོག་འཛུགས་སྐྲུན་ལག་རྩལ་དངོས་བེད་སྤྱོད་ཐུབ་རྒྱུ་དང་། འཛུགས་སྐྲུན་དང་འོད་ཤུགས་གཞི་གཅིག་ཅན་གྱི་ཇུས་འགོད་དང་བཀོལ་སྤྱོད་ལ་སྔར་བས་མཐོང་ཆེན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད། 

中央广播电视总台 央广网 版权所有

དྭངས་གཙང་ནུས་རྒྱུས་ལྗང་མདོག་གི་འཚོ་བ་གསར་པར་ནུས་ཤུགས་བསྩལ།

“ལོ་ལྔ་ཚན་བཅོ་ལྔ་པ་”ཡིའི་འཆར་འགོད་རྩ་གནད་ནང་། མཚོ་ཐོག་རླུང་གློག་རྟེན་གཞི་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན་ཡོད། ཀོང་ཏུང་དབྱང་ཅང་ནི་ཀོང་ཏུང་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཆུང་ཆུང་ཡིན་ལ།