ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཨ་རི་དང་དབྱི་སི་རལ་དབྱི་རན་བཅས་ཀྱི་གདོང་ཐུག་ནང་བྱིས་པ་2100ལྷག་ཙམ་ཤི་རྨས་བྱུང་འདུག

2026-03-25 14:54:00     责编:卓玛才让
ས་གནས་དེ་གའི་དུས་ཚོད་ཚེས་23ཉིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ལག་བསྟར་ཀྲུའུ་རེན་གཞོན་པ་ཁྲེ་པན་གྱིས། ཨ་རི་དང་དབྱི་རི་རལ་གྱིས་དབྱི་རན་ལ་རྡུང་རྡེག་བཏང་ཚུན། བྱིས་པ་2100ལྷག་ཙམ་རྒོལ་རྡུང་ཁྲོད་ཤི་རྨས་བྱུང་བ་དང་། དབྱི་རན་དང་ལི་པ་ནོན་དུ་ཆགས་ས་རྟེན་ས་མེད་པར་གྱུར་བའི་མི་འབོར་ཧང་སངས་དགོས་པའི་མྱུར་ཚད་ཐོག་ནས་མང་དུ་འགྲོ་བཞིན་ཡོད་ཅེས་དང་། ཁོང་གིས། སློབ་གྲྭ་དང་སྨན་ཁང་། བྱིས་པ་བཅས་རྡུང་རྡེག་གཏོང་བའི་དམིགས་ཡུལ་དུ་འགྱུར་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་མིག་སྔར་ནུས་ཤུགས་ཡོད་རྒུ་བཏོན་ནས་ཉེན་གཡོལ་ཁུལ་དུ་བཟའ་བཅས་དང་། ཆུ་གཙང་མ། སྨན་བཅོས་དངོས་རྫས་སོགས་གཏོང་སྤྲོད་བྱེད་བཞིན་ཡོད། འགག་རྩའི་རྨང་གཞིའི་སྒྲིག་ཆས་མང་པོར་གཏོར་བརླག་ཐེབས་ཡོད་པ་དང་། དེའི་ཐོག་མ་དངུལ་མི་འདང་བའི་ཚད་དེ་86%ལ་སླེབས་ཡོད་པས། མི་ཆོས་རོགས་སྐྱོབ་བྱ་སྤྱོད་སྤེལ་ཁག་པོ་འདུག་ཅེས་བརྗོད་འདུག

中央广播电视总台 央广网 版权所有

ཨ་རི་དང་དབྱི་སི་རལ་དབྱི་རན་བཅས་ཀྱི་གདོང་ཐུག་ནང་བྱིས་པ་2100ལྷག་ཙམ་ཤི་རྨས་བྱུང་འདུག

ས་གནས་དེ་གའི་དུས་ཚོད་ཚེས་23ཉིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ལག་བསྟར་ཀྲུའུ་རེན་གཞོན་པ་ཁྲེ་པན་གྱིས། ཨ་རི་དང་དབྱི་རི་རལ་གྱིས་དབྱི་རན་ལ་རྡུང་རྡེག་བཏང་ཚུན། བྱིས་པ་2100ལྷག་ཙམ་རྒོལ་རྡུང་ཁྲོད་ཤི་རྨས་བྱུང་བ་དང་།