ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྤྱི་ལོ་2025ལོར་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ལེགས་འཕེལ་བྱུང་བ་དང་། ལས་རིགས་ཇེ་གསར་ཇེ་ལེགས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་བཞིན་པ།

2026-02-06 10:08:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་5ཉིན་ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། སྤྱི་ལོ་2025ལོར་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་འཕར་སྣོན་རིན་ཐང་དུས་མཚུངས་ལས་8.2%འཕར་ནས། འཕྲུལ་ཆས་བཟོ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་པོའི་ཁྲོད་ལེགས་སུ་ཕྱིན་ཡོད། 
སྤྱི་ལོ་2025ལོར། རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་འཕར་སྣོན་ཅུང་མགྱོགས་པོ་བྱུང་བ་དང་། རླངས་འཁོར་བཟོ་སྐྲུན་ལས་རིགས་དང་། གློག་ཤུགས་འཕྲུལ་ཆས་བཟོ་སྐྲུན་ལས་རིགས། སྤྱི་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས། ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས།  བརྟག་དཔྱད་ཡོ་བྱད་བཟོ་སྐྲུན་ལས་རིགས་བཅས་ཀྱི་རྒྱལ་དམངས་དཔལ་འབྱོར་ལས་རིགས་ཆེ་གྲས་ལྔའི་འཕར་སྣོན་རིན་ཐང་ཚང་མ་འཕར་སྣོན་བྱུང་ཡོད། དེའི་ནང་རླངས་འཁོར་བཟོ་སྐྲུན་ལས་རིགས་ཀྱིས་མུ་མཐུད་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་འཕར་ཚད་11.5%ཟིན་ཡོད། ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡེ་ཏིང་ཏ་ཡིས།  སྤྱི་ལོ་2025ལོར། ལྕི་གཉིས་དང་གསར་གཉིས་སོགས་ཀྱི་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག་འཕྲུལ་ཆས་བཟོ་ལས་ཀྱི་ཐོན་སྐྱེད་དང་ཕྱིར་ཚོང་གི་གནས་བབ་སྤྱི་ཡོངས་ནས་ལོ་གོང་མ་ལས་ལེགས་སུ་ཕྱིན་ཡོད། གཙོ་གནད་དུ་ལྟ་ཞིབ་ཚད་ལེན་བྱས་པའི་འཕྲུལ་ཆས་ཐོན་རྫས་གཙོ་བོ་122ཁྲོད་ཐོན་རྫས་རིགས་85ཡི་ཐོན་འབོར་དུས་མཚུངས་ལས་འཕར་སྣོན་ཡོང་ཚད་དེ་ལོ་གོང་མ་ལས་རིགས་13འཕར་བ་དང་། འཕར་ཚད་69.7%ཟིན་ཡོད། 
སྤྱི་ལོ་2025ལོར་འཕྲུལ་ཆས་བཟོ་ལས་ཀྱིས་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་1དང་2སྟོང་7བརྒྱ་ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་8.4%འཕར་ཡོད། བསྡོམས་འབོར་གྱིས་ཟིན་ཐོ་གསར་པ་སླར་ཡང་བཏོད་ནས་ལྡེམ་ཤུགས་ཅུང་ཆེན་པོ་མངོན་ཡོད། 
སྤྱི་ལོ་2026ལོར་རྒྱང་ལྟ་བྱས་ཚེ། མ་གཞི་ཕྱི་རོལ་ཁོར་ཡུག་སྔར་བཞིན་རྙོག་འཛིང་ཆེ་ཞིང་ཛ་དྲག་ཡོད་མོད། འོན་ཀྱང་ལས་རིགས་གོང་འཕེལ་ལ་འདེགས་སྐྱོར་བྱེད་པའི་ཕན་ཡོད་ཆ་རྐྱེན་རྒྱུན་ཆད་མེད་པར་གསོག་བཞིན་ཡོད། ཐོན་ལས་སྲིད་ཇུས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། གཞི་ཁྱོན་ཚད་བརྒལ་གྱི་ཁྲོམ་རར་རིམ་པ་མཐོ་བའི་སྒྲིག་ཆས་དང་གྲངས་གཞི་ཅན་གྱི་བརྗེ་སྒྱུར་སོགས་ཀྱི་དགོས་མཁོ་གསར་པ་ཐོན་ནས། ཚན་རྩལ་གསར་བརྗེ་དང་སྦགས་མེད་བརྗེ་སྒྱུར་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ཡེ་ཏིང་ཏ་ཡིས། ཕྱོགས་བསྡུས་ཐོག་ནས་བལྟས་ན། སྤྱི་ལོ་2026ལོར་འཕྲུལ་ཆས་བཟོ་ལས་རྒྱུན་མཐུད་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་རེ་ཡོད་པ་དང་། སྔོན་དཔག་བྱས་ན་ལོ་ཧྲིལ་པོའི་དམིགས་ཚད་གཙོ་བོའི་འཕར་ཚད་5.5%ཡས་མས་ཡིན་པ་རེད། 

中央广播电视总台 央广网 版权所有

སྤྱི་ལོ་2025ལོར་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ལེགས་འཕེལ་བྱུང་བ་དང་། ལས་རིགས་ཇེ་གསར་ཇེ་ལེགས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་བཞིན་པ།

སྤྱི་ལོ་2025ལོར། རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་འཕར་སྣོན་ཅུང་མགྱོགས་པོ་བྱུང་བ་དང་། རླངས་འཁོར་བཟོ་སྐྲུན་ལས་རིགས་དང་། གློག་ཤུགས་འཕྲུལ་ཆས་བཟོ་སྐྲུན་ལས་རིགས།