ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི“དཔྱིད་གསར་དགོང་ཚོགས་ཀྱི་བཀྲ་ཤིས་སྔོན་འགྲོའི་རོལ་མོ”ཞེས་པ་དེའི་སེར་ཝེ་ཡའི་ཆེད་དོན་བྱེད་སྒོ་པེར་ཀེ་ལེར་ཏེ་རུ་འཚོགས་པ།
2026-02-06 10:04:00 责编:卓玛才让
འདི་ག་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ། “དཔྱིད་གསར་དགོང་ཚོགས་ཀྱི་བཀྲ་ཤིས་སྔོན་འགྲོའི་རོལ་མོ། གོ་ལ་ཧྲིལ་པོས་དཔྱིད་གསར་དགོང་ཚོགས་ལ་ལྟ”ཞེས་པའི་སེར་ཝེ་ཡའི་ཆེད་དོན་བྱེད་སྒོ་ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་4ཉིན་པེ་ཀེར་ལའེ་ཏེ་རུ་འཚོགས་པ་རེད། སེར་ཝེ་ཡའི་ཆབ་སྲིད་ལས་རིགས་དང་། རིག་གཞུང་ལས་རིགས། རིག་གནས་ལས་རིགས། སྨྱན་སྦྱོར་ལས་རིགས་བཅས་ཀྱི་མི་སྣ་དང་ཀྲུང་གོ་དང་སེར་ཝེ་ཡའི་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་རྣམ་གྲངས་ཀྱི་འཐུས་མི་སྐུ་མགྲོན་300ཙམ་བྱེད་སྒོར་ཞུགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། དེ་སྔ་སྤྱི་ཁྱབ་ལས་ཁུངས་ཀྱི་2023ལོའི་དཔྱིད་གསར་དགོང་ཚོགས་ཀྱི་གར་སྟེགས་སུ་ཕེབས་མྱོང་བའི་སེར་ཝེ་ཡའི་གླུ་གཞས་གཏོང་མཁན་གྱིས་ཀྲུང་གོའི་སྲོལ་རྒྱུན་གླུ་གཞས་བརྩམས་ཆོས་རྩེ་གྲ་《མེ་ཏོག་རྨོ་ལི》ཞེས་པ་བླངས་ཡོད། ཀྲུང་གོ་ནས་ཡོང་བའི་མི་དབྱིབས་འཕྲུལ་མིས་ཞབས་བྲོ་འཁྲབ་ནས། ཀྲུང་གོའི་རིག་ནུས་ཚན་རྩལ་གྱི་གསར་གཏོད་གྲུབ་འབྲས་གསོན་ཉམས་དོད་པོའི་སྒོ་ནས་མངོན་པར་བྱས་ཡོད།
བྱེད་སྒོའི་ཐོག་ད་དུང་སྤྱི་ཁྱབ་ལས་ཁུངས་ཀྱི་རྟ་ལོའི་དཔྱིད་གསར་དགོང་ཚོགས་ཀྱི་དྲིལ་བསྒྲགས་གློག་བརྙན་དང་། “གློག་བརྙན་ལ་བལྟས་ནས་ཀྲུང་གོའི་ཡུལ་གྲུ་སྐོར”ཞེས་པའི་བརྙན་མཐོང་རྩེ་གྲ་གཟིགས་མོ་བར་སྤྱན་འབུལ་ཞུས་ཡོད།
















