ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་ལ་བཀྲག་མདངས་འཚེར་ས་མང་བ།

2026-02-05 10:52:00     责编:娜科

  ལོ་གསར་པ་ཤར་ཚུན་དུ། རིགས་ཁག་གི་མི་ཐབས་རིག་ནུས་ཐོན་རྫས་སྣ་ཚོགས་གོ་ལ་ཧྲིལ་པོའི་ཁྲོམ་རར་བྲིན་ཁ་རྒྱུན་མཐུད་རྒྱུག་པོ་བྱུང་ཞིང་། རིག་ནུས་གྱོན་ཆས་ནས་ཡིག་སྒྱུར་ཡོ་ཆས་བར་དང་། མཐོང་ཚོར་ལག་རྩལ་ནས་རང་རྟེན་ཞིབ་བཟོའི་ཉིང་ལྷེབ་བར་ཀྲུང་གོའི་རིག་ནུས་བཟོ་སྐྲུན་ཕྱི་རྒྱལ་ཁྲོམ་རར་ཕྱིར་ཚོང་བྱེད་མགྱོགས་སུ་སོང་ནས་ཕྱི་ཕྱོགས་ཉོ་ཚོང་གི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད།

ཀྲེ་ཅང་དབྱི་ཝུའུ་ཡི་གོ་ལ་ཧྲིལ་པོའི་གློག་རྡུལ་ཉོ་ཚོང་ལྟེ་གནས་ཀྱི་ལོ་གསར་པའི་ཕྱི་རྒྱལ་ཉོ་སྒྲུབ་འབྲེལ་མཐུད་ཚོགས་འདུ་ཐེངས་དང་པོའི་ཐོག ཕྱི་རྒྱལ་ཚོང་པས་རིག་ནུས་ལོ་ཙཱའི་འཕྲུལ་ཆས་དང་། རིག་ནུས་མིག་ཤེལ་སོགས་མི་ཐབས་རིག་ནུས་ཐོན་རྫས་ཚོད་ལྟ་བྱེད་བཞིན་ཡོད་ཅིང་། ཚོང་དུད་200ལྷག་ཙམ་ལ་ལོ་གསར་པའི་ཚོང་ཐོག་མ་དེ་འཁྱེར་ཡོད། 

 

 

རང་རྒྱལ་གྱི་མི་ཐབས་རིག་ནུས་ཐོན་རྫས་གོ་ལ་ཧྲིལ་པོར་བྲིན་ཁ་རྒྱུག་པོ་བྱུང་བ་དེ་ནི་ལྟེ་བའི་ལག་རྩལ་ཚད་བརྒལ་རྒྱུན་ཆད་མེད་པར་བྱུང་བའི་རྐྱེན་གྱིས་རེད།

ཚོང་དོན་པུའི་རྒྱལ་སྤྱིའི་ཚོང་དོན་དཔལ་འབྱོར་མཉམ་ལས་ཞིབ་འཇུག་ཁང་ཕྱི་ཕྱོགས་ཚོང་དོན་ཞིབ་འཇུག་ཁང་གི་འགོ་འཛིན་ལེང་མིང་གིས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་མི་ཐབས་རིག་ནུས་ཐོན་རྫས་ཀྱི་གསལ་ཐོ་གཞིར་བཟུང་ན། ཀྲུང་གོའི་མི་ཐབས་རིག་ནུས་ཀྱི་ཐོན་རྫས་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་ཅེས་བརྗོད་ཡོད།

ཐོན་རྫས་ཀྱི་རིག་ནུས་ཚད་གཞི་མཐོ་རུ་སོང་བ་དང་ཆབས་ཅིག རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ལྗང་མདོག་ཚད་གཞིའང་མཉམ་དུ་མཐོ་རུ་ཕྱིན་ཡོད། ལོ་གསར་པ་ཤར་ཚུན། རྩེར་སོན་སྒྲིག་ཆས་ནས་སྲོལ་རྒྱུན་ཐོན་ལས་བར་གྱི་ལྗང་མདོག་ཕྱོགས་སྒྱུར་ལས་རང་རྒྱལ་ཕྱི་ཕྱོགས་ཚོང་དོན་གྱི་འཕར་གཞི་གསར་པ་བཏོད་ཡོད།

 

 

སྤུས་ལེགས་ཀྱི་ལྗང་མདོག་ཐོན་རྫས་མཁོ་སྤྲོད་ལས་གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་ལ་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། སྤྱི་ལོ་2025ལོར་རང་རྒྱལ་གྱི་བཟོ་ལས་རླངས་གཟུགས་གཙང་སེལ་སྒྲིག་ཆས་ཕྱིར་གཏོང་བྱེད་ཚད་17.3%འཕར་བ་དང་། ལྗང་མདོག་ནུས་རྒྱུའི་ཁྱབ་ཁོངས་ནང་ལིས་རྒྱུའི་གློག་རྫས་དང་རླུང་ཤུགས་གློག་འདོན་འཕྲུལ་ཚན་ཕྱིར་གཏོང་བྱེད་ཚད་ཁག་སོ་སོར་26.2%དང་48.7%འཕར་ཡོད།

 

 

ཚོང་དོན་པུའི་ཕྱི་ཕྱོགས་ཉོ་ཚོང་སིའི་འགོ་འཛིན་གཞོན་པ་ལི་ན་ཡིས། གོམ་སྟབས་རྗེས་མར་ང་ཚོས་ཁེ་ལས་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ་དང་། གསོ་སྦྱོང་ཁྱབ་གདལ་བྱེད་ཤུགས་ཆེ་རུ་བཏང་ནས་སྣེ་འདྲེན་ཁེ་ལས་ཀྱིས་ཕྱི་ཕྱོགས་ཉོ་ཚོང་ཐོན་སྐྱེད་དང་མཁོ་སྤྲོད་སྦྲེལ་ཐག་ལ་སྐུལ་ཁྲིད་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ཇེ་མགྱོགས་སུ་བཏང་ནས་ཐོན་རྫས་ཀྱི་ཐཱན་རྒྱུ་འབུད་ཚད་ཉུང་དུ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ།
ཡིག་སྒྱུར། བསྟན་འཛིན།

中央广播电视总台 央广网 版权所有

རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་ལ་བཀྲག་མདངས་འཚེར་ས་མང་བ།

ཀྲེ་ཅང་དབྱི་ཝུའུ་ཡི་གོ་ལ་ཧྲིལ་པོའི་གློག་རྡུལ་ཉོ་ཚོང་ལྟེ་གནས་ཀྱི་ལོ་གསར་པའི་ཕྱི་རྒྱལ་ཉོ་སྒྲུབ་འབྲེལ་མཐུད་ཚོགས་འདུ་ཐེངས་དང་པོའི་ཐོག ཕྱི་རྒྱལ་ཚོང་པས་རིག་ནུས་ལོ་ཙཱའི་འཕྲུལ་ཆས་དང་།