ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལྗང་མདོག་གི་བོད་ལྗོངས། ས་གཙང་གི་ཕ་ཡུལ།

2026-02-05 10:30:00     责编:娜科

  2025ལོར། བོད་རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཀྱི་མཐོ་ས་བཏོད་པ་དང་མ་མཐའི་མཚམས་ཐིག་བརྟན་པོར་སྲུང་ཡོད།

 

 

 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་བཅའ་ཁྲིམས་》ལག་བསྟར་བྱ་ཐབས་འགྲེམས་སྤེལ་ལ་སྐུལ་འདེད་བཏང་ནས། རང་སྐྱོང་ལྗོངས་རིམ་པའི་དུས་ཁག་དང་པོའི་4Aརིམ་པའི་“སྙིགས་མེད་གྲོང་ཁྱེར་”དཔྱད་འདེམས་བྱས་ཡོད། ནགས་བཟོ་མུའུ་ཁྲི་148གསར་དུ་བསྣན་པ་དང་། ཞན་འགྱུར་རྩྭ་ཐང་མུའུ་ཁྲི་517ཉམས་གསོ་བཅོས་སྐྱོང་། ས་ཆུ་ཤོར་ཚད་མུའུ་ཁྲི་23བཅོས་སྐྱོང་བཅས་བྱས་པ་མ་ཟད། མིས་བཟོས་ནགས་ཚལ་གྱི་ཐཱན་འདུས་རྨང་གཞིའི་བརྟག་དཔྱད་དང་ཉོ་ཚོང་ཚོད་ལྟའི་ལས་དོན་ཡང་སྤེལ་ཡོད། བོད་ལྗོངས་ཡོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད་ལ། གཙང་པོ་དང་མཚོ་མཚེའུ་གཙོ་བོ་དང་དེ་བཞིན་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ཚད་ལོན་ཚད་100%ཟིན་ཡོད།

 

 

2026ལོར། བོད་རང་སྐྱོང་ལྗོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་གཞི་ཚུགས་ཏེ། སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་ཞིང་། དེ་ཡང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཡུལ་བབ་དང་བསྟུན་པའི་“མཛེས་སྡུག་ལྡན་པའི་ཕྲ་ཕུང་”གི་ལས་གྲྭ་ལག་བསྟར་གྱིས་“སྙིགས་མེད་གྲོང་ཁྱེར་”འཛུགས་སྐྲུན་གྱི་ལས་དོན་ཟབ་སྤེལ་གཏོང་རྒྱུ་ཡིན་པ་དང་། སྣོད་བཅུད་སླར་གསོ་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་བཅས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཡར་ཀླུང་གཙང་པོ་རྒྱུག་ཁུལ་སོགས་འགག་རྩའི་ས་ཁོངས་ཀྱི་སྣོད་བཅུད་སླར་གསོའི་ལས་གྲྭ་ལག་བསྟར་བྱས་ནས། ནགས་བཟོ་མུའུ་ཁྲི་40ཡན་ཟིན་པ་དང་། ཞན་འགྱུར་རྩྭ་ཐང་མུའུ་ཁྲི་220ཉམས་གསོ་བཅོས་སྐྱོང་། ས་ཆུ་ཤོར་ཚད་མུའུ་ཁྲི་25བཅོས་སྐྱོང་བཅས་བྱ་རྒྱུ། དེ་བཞིན་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཐོག རྩྭ་ཐང་གི་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་སྙོམས་མུའུ་དུང་ཕྱུར་10ལག་བསྟར་བྱ་རྒྱུ་ཡིན་པ་རེད།

 

 

ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། སྣོད་བཅུད་ཁོར་ཡུག་གི་ཁུལ་བགོས་དོ་དམ་དང་ཚོད་འཛིན་གྱི་ལོ་ལྔའི་འགུལ་རྣམ་དཔྱད་དཔོག་དང་། “ཐཱན་མེད་གླིང་ཁུལ་”གྱི་དོ་དམ་འཚོལ་ཞིབ། ལྗང་མདོག་བཟོ་སྐྲུན་མ་ལག་འཛུགས་རྒྱུ་མགྱོགས་སུ་གཏོང་བ་བཅས་བྱ་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཚེ་ཕུན།
ཡིག་སྒྱུར། བསྟན་དབང་།

中央广播电视总台 央广网 版权所有

ལྗང་མདོག་གི་བོད་ལྗོངས། ས་གཙང་གི་ཕ་ཡུལ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་བཅའ་ཁྲིམས་》ལག་བསྟར་བྱ་ཐབས་འགྲེམས་སྤེལ་ལ་སྐུལ་འདེད་བཏང་ནས།