ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཨ་རིའི་མིན་ནེ་སུའུ་ཏ་མངའ་སྡེའི་མང་ཚོགས་ཀྱིས་མུ་མཐུད་དུ་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་འཛིན་མི་སྣའི་གཏུམ་སྤྱོད་ཁྲིམས་འཛིན་ལ་ངོ་རྒོལ་བྱས་པ།

2026-01-27 15:35:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་མིན་ནེ་སུའུ་ཏ་མངའ་སྡེའི་མིན་ནེ་ཨ་པོ་ལི་སིར་ཉེ་ལམ་སླར་ཡང་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་འཛིན་མི་སྣས་ཨ་རིའི་སྤྱི་དམངས་བསད་པའི་དོན་རྐྱེན་བྱུང་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཚེས་26ཉིན་རྩོམ་ཡིག་སྤེལ་ཏེ། ཁོང་གིས་ཉིན་དེར་མིན་ནེ་སུའུ་ཏ་མངའ་སྡེའི་འགོ་འཛིན་དང་ཁ་བརྡ་བྱས་པ་མ་ཟད། མཐའ་མཚམས་ལས་དོན་གཙོ་གཉེར་བ་མངའ་སྡེ་དེར་མངགས་ནས་ས་གནས་དེ་གའི་དཔོན་རིགས་དང་མཉམ་འབྲེལ་ངང་ཚེས་24ཉིན་བྱུང་བའི་མེ་མདའི་དོན་རྐྱེན་ཐག་གཅོད་བྱས་ཡོད་ཅེས་བརྗོད་པ་དང་། མངའ་སྡེའི་འགོ་འཛིན་གྱི་གཞུང་ལས་ཁང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། མིན་ནེ་སུའུ་ཏ་མངའ་སྡེར་ཡོད་པའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གསང་མྱུལ་བའི་མི་གྲངས་ཇེ་ཉུང་དུ་གཏོང་བར་ཨ་རིའི་སྲིད་གཞུང་ནས་མོས་མཐུན་བྱས་ཡོད་ཅེས་བརྗོད་ཡོད།
ཟླ་བ་གཅིག་གི་ནང་། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཁྲིམས་འཛིན་མི་སྣས་གནས་སྤོས་ཡུལ་མིར་དམིགས་པའི་བྱ་སྤྱོད་ཁྲོད་སྔ་རྗེས་སུ་མེ་མདའ་བརྒྱབ་ནས་ཨ་རིའི་སྤྱི་དམངས་གཉིས་བསད་པ་མ་ཟད། སྲོག་ཉེན་མེད་པའི་གནས་ཚུལ་འོག་དྲག་ཤུགས་ཚད་ལས་བརྒལ་བ་སྤྱད་པར་དོགས་པ་སྐྱེས་ནས་གཞི་ཁྱོན་ཆེ་བའི་ངོ་རྒོལ་བྱེད་སྒོ་ཐོན་པ་དང་། ཏང་གཉིས་ཁ་གཏད་དུ་ལངས་ཤུགས་ཆེ་རུ་ཕྱིན་ཡོད། 
ཉིན་ཤས་བསྟུད་མར་མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་གྱི་དམངས་ཚོགས་ཀྱིས་འདུ་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་ནས་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་འཛིན་མི་སྣས་གཏུམ་སྤྱོད་ལ་བརྟེན་ནས་ཁྲིམས་འཛིན་བྱས་པར་ངོ་རྒོལ་བྱས་པ་དང་འབྲེལ་ཁྲིམས་འཛིན་མི་སྣ་འཕྲལ་མར་མངའ་སྡེ་དེ་ནས་ཁ་བྲལ་དགོས་པའི་བླང་བྱ་བཏོན་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་དམངས་ཚོགས་ཀྱི་ཁེ་དབང་ལ་རང་སྣང་གང་ཤར་གྱིས་རྡོག་བརྫིས་གཏོང་བཞིན་འདུག་ཅེས་བརྗོད་ཡོད།
དམངས་འདོད་བརྟག་དཔྱད་གསར་ཤོས་ཤིག་ལས་མངོན་པ་ལྟར་ན།  ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡི་གནས་སྤོས་ཡུལ་མིའི་གནད་དོན་ཐད་སྤྱི་དམངས་ཀྱིས་རྒྱབ་སྐྱོར་བྱེད་ཚད་སྐབས་འདིའི་ཙུང་ཐུང་གི་འགན་ཁུར་ཚུན་གྱི་ཆུ་ཚད་དམའ་ཤོས་སུ་ཆག་པ་དང་།  རང་ཚུགས་འདེམས་དམངས་བཅུ་ཆ་དྲུག་ཙམ་གྱིས་ཨ་རིའི་གནས་སྤོས་ཡུལ་མི་དང་འགག་སྒོའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་འཛིན་བྱ་རྒྱུ་ཐལ་དྲགས་ཡོད་པར་འདོད་ཀྱི་ཡོད།   

中央广播电视总台 央广网 版权所有

ཨ་རིའི་མིན་ནེ་སུའུ་ཏ་མངའ་སྡེའི་མང་ཚོགས་ཀྱིས་མུ་མཐུད་དུ་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་འཛིན་མི་སྣའི་གཏུམ་སྤྱོད་ཁྲིམས་འཛིན་ལ་ངོ་རྒོལ་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་རིའི་མིན་ནེ་སུའུ་ཏ་མངའ་སྡེའི་མིན་ནེ་ཨ་པོ་ལི་སིར་ཉེ་ལམ་སླར་ཡང་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་འཛིན་མི་སྣས་ཨ་རིའི་སྤྱི་དམངས་བསད་པའི་དོན་རྐྱེན་བྱུང་ཡོད་ཅིང་།