ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་ཕྱོགས་ཀྱིས་ཀ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་བཀག་ཉར་བྱས་པའི་མི་སྣའི་ཕུང་པོ་མཐའ་མ་དེ་རྙེད་བྱུང་ཞེས་བསྟན་པ།

2026-01-27 15:33:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས་26ཉིན་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་ཕྱོགས་ཀྱིས་ཀ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་བཀག་ཉར་བྱས་པའི་མི་སྣའི་ཕུང་པོ་མཐའ་མ་དེ་རྙེད་ཡོད་ཅིང་། དེའི་བར་ཀ་ཧྲ་ས་ཁུལ་དུ་བཀག་ཉར་བྱས་པའི་མི་སྣའམ་ཡང་ན་ཕུང་པོ་ཚང་མ་དབྱི་སི་རལ་དུ་སླེབས་ཡོད་ཅེས་བསྟན་ཡོད། ཉིན་དེར་ཧ་མ་སིས། དབྱི་སི་རལ་གྱི་བཀག་ཉར་བྱས་པའི་མི་སྣའི་ཕུང་པོ་མཐའ་མ་དེ་འཚོལ་བའི་བརྒྱུད་རིམ་ཁྲོད་འབད་བརྩོན་ཆེན་པོ་བྱས་ཡོད་ཅེས་བརྗོད་པ་དང་། ཧ་མ་སིས་དབྱི་སི་རལ་ཕྱོགས་ནས་ངེས་པར་དུ་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ལྷག་པར་དུ་ཚོད་འཛིན་མེད་པའི་སྒོ་ནས་ཕྱོགས་གཉིས་ཀྱི་ལ་ཧྥ་འགག་སྒོ་ཕྱེ་དགོས་པ་མ་ཟད། ཀ་ཧྲ་ས་ཁུལ་ནས་དམག་དཔུང་ཁྱོན་ཡོངས་ནས་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 
 

中央广播电视总台 央广网 版权所有

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་ཕྱོགས་ཀྱིས་ཀ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་བཀག་ཉར་བྱས་པའི་མི་སྣའི་ཕུང་པོ་མཐའ་མ་དེ་རྙེད་བྱུང་ཞེས་བསྟན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས་26ཉིན་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་ཕྱོགས་ཀྱིས་ཀ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་བཀག་ཉར་བྱས་པའི་མི་སྣའི་ཕུང་པོ་མཐའ་མ་དེ་རྙེད་ཡོད་ཅིང་།