ཨ་རིའི་ཁྲིམས་དཔོན་གྱིས་ཁྲིམས་འཛིན་མི་སྣས་མིང་ཉི་སུའུ་ཏ་མངའ་སྡེའི་མེ་མདའ་བརྒྱབ་པའི་གྱོད་གཞིའི་འབྲེལ་ཡོད་དཔང་རྟགས་ལ་གཏོར་བརླག་གཏོང་མི་ཆོག་པའི་བཀའ་བཏང་བ།
2026-01-27 15:28:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་གོང་མིང་ཉི་སུའུ་ཏ་མངའ་སྡེར་ཐོན་པའི་གནས་སྤོས་ཡུལ་མིའི་ཁྲིམས་འཛིན་ཁྲོད་མེ་མདའ་བརྒྱབ་པའི་དོན་རྐྱེན་ལ་དམིགས་ནས། ཚེས་25ཉིན་མངའ་སྡེ་དེའི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་དཔོན་ཞིག་གིས་ཁྲུན་ཐག་བཅད་པ་བརྒྱུད། རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་འཛིན་མི་སྣས་དོན་རྐྱེན་དེའི་འབྲེལ་ཡོད་དཔང་རྟགས་ལ་གཏོར་བརླག་གཏོང་བའམ་ཡང་ན་བཟོ་བཅོས་རྒྱག་མི་ཆོག་པའི་བཀའ་བཏང་ཡོད།
ཚེས་24ཉིན་མིང་ཉི་སུའུ་ཏ་མངའ་སྡེའི་གྲོང་ཁྱེར་ཆེ་ཤོས་མིང་ཉི་ཨ་པོ་ལི་སིར་གནས་སྤོས་ཡུལ་མིའི་ཁྲིམས་འཛིན་ཁྲོད་སླར་ཡང་མེ་མདའ་རྒྱག་པའི་དོན་རྐྱེན་ཐོན་ནས་ལོ་37ལ་སླེབས་པའི་ས་གནས་དེ་གའི་གྲོང་མི་ཞིག་རྐྱེན་ལམ་དུ་ཤོར་ཡོད། མིང་ཉི་སུའུ་ཏ་མངའ་སྡེའི་སྤྱི་ཁྱབ་ཞིབ་དཔྱོད་འགོ་འཛིན་ཨའེ་ལི་སེན་གྱིས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ། རྒྱལ་ཕྲན་མཉམ་འབྲེལ་གྱི་ཁྲིམས་འཛིན་མི་སྣས་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་མི་རྣམས་ཧང་སངས་དགོས་པའི་ནོར་འཁྲུལ་བཟོས་ཡོད་པའི་སྐྱོན་འདོན་ཞུ་གཏུག་བྱས་པ་དང་། ཁོང་གིས་“ཁྲིམས་འཛིན་མི་སྣས་འབྲེལ་ཡོད་དཔང་རྟགས་མུ་མཐུད་སྦ་གསང་བྱེད་སྲིད་པའམ་ཡང་ན་སྲུང་སྐྱོབ་བྱེད་མི་ཐུབ་པའི་”འདོད་ཚུལ་བཟུང་ཡོད། གཞན་ཡང་མིང་ཉི་སུའུ་ཏ་མངའ་སྡེ་དང་མིང་ཉི་ཨ་པོ་ལི་སི་གྲོང་ཁྱེར་གྱི་གྲོང་སྤྱི་སོགས་ས་གནས་དཔོན་རིགས་ཀྱིས་ད་དུང་ཨ་རིའི་སྲིད་གཞུང་ལ་མངའ་སྡེ་དེས་མེ་མདའ་བརྒྱབ་པའི་དོན་རྐྱེན་ལ་རང་ཚུགས་ངང་བརྟག་དཔྱད་བྱེད་དུ་འཇུག་པའི་རེ་འབོད་བྱས་ཡོད།
















