ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དབྱི་སི་རལ་གྱིས་ཀ་ཧྲ་ཁུལ་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཀྱིས་བཟོས་པའི་ས་རོ་རྡོ་རོ་ཏུན་བྱེ་བ་ལྔ་ལྷག་ཙམ་ཟིན་པ།

2025-01-23 16:26:00     责编:卓玛才让
དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཀྱིས་བཟོས་པའི་ས་རོ་རྡོ་རོ་ཏུན་བྱེ་བ་ལྔ་ལྷག་ཙམ་ཟིན་གྱི་ཡོད་པས། དེ་དག་གཙང་སེལ་བྱེད་པར་ཧ་ལམ་ལོ་༢༡ཙམ་འགོར་གྱི་ཡོད། ཀ་ཧྲ་ཡི་ལྷོ་རྒྱུད་ལ་ཧྥ་ས་ཁུལ་དུ། ལོ་གཅིག་ལྷག་ཙམ་གྱི་གདོང་ཐུག་དབང་གིས་ཁང་པ་འབོར་ཆེན་བརྡིབས་པ་དང་། མཁའ་ཐོག་ནས་འཇབ་རྒོལ་ཐེངས་མང་བྱས་པས་ལམ་བུ་མི་ཉུང་བ་ཞིག་ཀྱང་རྦད་དེ་ཞིག་རོར་གྱུར་ཡོད། དམག་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱས་རྗེས། ས་གནས་དེ་གས་ཉིན་མཚན་བསྟུད་མར་ས་རོ་རྡོ་རོ་དེ་དག་གཙང་སེལ་བྱེད་བཞིན་ཡོད་པ་རེད། ལ་ཧྥ་ཛ་དྲག་རོགས་སྐྱོབ་རུ་ཁག་གི་འགན་འཁུར་བ་ཧ་ལི་ཏེ•དབྱི་ཏེ་ཡིས། ད་ལྟའི་ལས་འགན་ཆེ་ཤོས་དེ་ནི་གྲོང་ཁྱེར་གྱི་གཞུང་ལམ་གཙོ་བོ་བཤངས་ཏེ། རླངས་འཁོར་འགྲོ་ཐུབ་པའི་འགྲོ་ལམ་ཞིག་བཟོ་རྒྱུ་དེ་ཡིན་མོད།  ད་ཡིན་ནའང་ཁང་པ་བརྡིབས་པའི་ས་རོ་རྡོ་རོ་དེ་དག་ལམ་འགྲམ་དུ་སྤོ་བ་ཙམ་ལས་རྦད་དེ་གཙང་སེལ་བྱས་པ་ཞིག་མིན། དེའི་རྒྱུ་མཚན་གང་ཡིན་ཟེར་ན། ས་རོ་རྡོ་རོའི་འབོར་ཚད་ཧ་ཅང་ཆེ་བས་ཡིན་ཞེས་བཤད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ཞིག་ནང་སྔོན་དཔག་བྱས་པར་གཞིགས་ན། དབྱི་སི་རལ་གྱིས་ཀ་ཧྲ་ཁུལ་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཀྱིས་བཟོས་པའི་ས་རོ་རྡོ་རོ་ཏུན་བྱེ་བ་ལྔ་ལྷག་ཙམ་ཟིན་གྱི་ཡོད་པས། དེ་དག་གཙང་སེལ་བྱེད་པར་ཧ་ལམ་ལོ་༢༡ཙམ་འགོར་གྱི་ཡོད། གཞན་ད་དུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཤིག་གིས། དམག་འཁྲུག་གིས་ཀ་ཧྲ་ས་ཁུལ་གྱི་འདས་ཟིན་པའི་ལོ་༦༩རིང་གི་གོང་འཕེལ་གྲུབ་འབྲས་རྩ་བརླག་ཏུ་བཏང་ཡོད་ཅེས་བཤད་འདུག 

འཛམ་གླིང་སྐར་ཁུངས།

▶ཕུའུ་ཅིང་གིས་འཛམ་གླིང་དམག་ཆེན་གསུམ་པ་འབྱུང་མིན་ཐད་ལན་འདི་བཏབ།

ཨུ་རུ་སུ་དང་ཨ་རི་དང་ནུབ་ཕྱོགས་བར་གྱི་འབྲེལ་བ་འཛུགས་ཐུབ་མིན་འདྲི་སྐབས། ཕུའུ་ཅིང་གིས། དེའི་འདོད་བློ་ཡོད་ན་ཅི་ཡང་འབྱུང་སྲིད།

中央广播电视总台 央广网 版权所有

དབྱི་སི་རལ་གྱིས་ཀ་ཧྲ་ཁུལ་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཀྱིས་བཟོས་པའི་ས་རོ་རྡོ་རོ་ཏུན་བྱེ་བ་ལྔ་ལྷག་ཙམ་ཟིན་པ།

དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་བྱ་སྤྱོད་ཀྱིས་བཟོས་པའི་ས་རོ་རྡོ་རོ་ཏུན་བྱེ་བ་ལྔ་ལྷག་ཙམ་ཟིན་གྱི་ཡོད་པས། དེ་དག་གཙང་སེལ་བྱེད་པར་ཧ་ལམ་ལོ་༢༡ཙམ་འགོར་གྱི་ཡོད།