ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད(2024ལོ་ནས་2035ལོ་བར)》པར་འགྲེམས་བྱས་པ།

2025-01-20 15:27:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆརསློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་2024ལོ་ནས་2035ལོ་བར་གྱི་འཆར་འགོད་རྩ་གནདཔར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  རྩ་གནདནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། གཏན་འཁེལ་གཉིསཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། སྲུང་སྐྱོང་གཉིསམཐའ་གཅིག་ཏུ་ཐུབ་པར་བྱེད་པ། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། ཀུན་སྤྱོད་སྐྱོང་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས། ཏང་ལ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། ཀྲུང་གོ་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཞབས་འདེགས་ཞུ་བ་དང་། ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་ནས་སློབ་གསོ་གཉེར་ཞིང་། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྱོང་མགྱོགས་སུ་བཏང་སྟེ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། ངལ་རྩོལ། མཛེས་རྩལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་དང་ཤེས་ལྡན་མི་སྣའི་འགྲན་རྩོད་ནུས་པ། ཚན་རྩལ་གྱི་འདེགས་སྐྱོར་ནུས་པ། དམངས་འཚོ་འགན་སྲུང་ནུས་པ། སྤྱི་ཚོགས་ཀྱི་མཐུན་སྦྱོར་ནུས་པ། རྒྱལ་སྤྱིའི་ཤུགས་རྐྱེན་ལྡན་པ་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་མགྱོགས་སུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  དེ་ཡང་། ལས་ཀའི་ཁྲོད་དུ། ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་འདེགས་སྐྱོར་དང་དམངས་འཚོའི་དགོས་མཁོ་སྐོང་བ། ཤེས་བྱ་སློབ་སྦྱོང་དང་ཕྱོགས་ཡོངས་འཕེལ་རྒྱས་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བ། ཚད་ལྡན་གོ་རིམ་ལྡན་པ་དང་གསོན་ཤུགས་འཕེལ་བ། ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། རྩ་བ་བརྟན་གཏོང་དང་བླ་སྲོག་གཏོད་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་མ་ལག་དང་དྲང་སྙོམས་སྤུས་ལེགས་ཀྱི་རྨང་གཞིའི་སློབ་གསོའི་མ་ལག རང་སྟོབས་རང་སྤེལ་དང་ཕུལ་དུ་བྱུང་བའི་མཐོ་རིམ་སློབ་གསོའི་མ་ལག ཐོན་སློབ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག ཡོངས་ཁྱབ་ཏུ་གནས་པའི་ཚེ་གང་སློབ་གསོའི་མ་ལག གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པའི་ཚན་རྩལ་འདེགས་སྐྱོར་མ་ལག བྱང་ཚད་མཐོ་བའི་ཕུལ་བྱུང་དགེ་རྒན་གྱི་དཔུང་ཁག་མ་ལག སྒོ་འབྱེད་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་མ་ལག་བཅས་ཁྱོན་ཡོངས་ནས་བཏོད་དེ། མ་ལག་ཆེ་བ་ནས་སྟོབས་ཆེར་འགྲོ་བའི་བར་རིམ་འཕར་ཡོང་བ་བྱ་དགོས།

  དམིགས་འབེན་གཙོ་བོ་ནི། 2027ལོར་སླེབས་སྐབས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་གལ་ཆེན་ཐོབ་པ་བྱ་རྒྱུ་ཡིན་ཏེ། རིམ་ཁག་གི་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་མུ་མཐུད་སྲ་བརྟན་དང་མཐོ་རུ་འགྲོ་བ་དང་། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་ཐོག་མར་ཆགས་པ། མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཐོབ་ཚོར་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ལྡན་པའི་སློབ་གསོའི་ལྟེ་གནས་གལ་ཆེན་འཛུགས་སྐྲུན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བཅས་བྱ་རྒྱུ་ཡིན། 2035ལོར་སླེབས་སྐབས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་གྲུབ་པ་བྱ་རྒྱུ་ཡིན་ཏེ། ཏང་གིས་སློབ་གསོའི་བྱ་གཞག་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པའི་ལམ་ལུགས་མ་ལག་དང་ལས་ཀའི་ལམ་སྲོལ་མ་ལག་ཆ་ཚང་བ་དང་། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་ཁྱོན་ཡོངས་ནས་བསྐྲུན་གྲུབ་པ། རྨང་གཞིའི་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་དང་སྤུས་ཚད་འཛམ་གླིང་གི་མདུན་གྲལ་དུ་བརྟན་པོར་གནས་པ། སློབ་སྦྱོང་རྣམ་པའི་སྤྱི་ཚོགས་ཁྱོན་ཡོངས་ནས་ཆགས་པ། མི་དམངས་མང་ཚོགས་ཀྱི་སློབ་གསོའི་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། སློབ་གསོ་ཡིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ནུས་པ་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། སློབ་གསོ་དེང་རབས་ཅན་སྤྱི་ཡོངས་ནས་མངོན་འགྱུར་ཐུབ་པ་བཅས་བྱ་རྒྱུ་རེད།

  

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

  ཞུ་དག སྒྲོལ་མ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཕུའུ་ཅིང་གིས་འཛམ་གླིང་དམག་ཆེན་གསུམ་པ་འབྱུང་མིན་ཐད་ལན་འདི་བཏབ།

ཨུ་རུ་སུ་དང་ཨ་རི་དང་ནུབ་ཕྱོགས་བར་གྱི་འབྲེལ་བ་འཛུགས་ཐུབ་མིན་འདྲི་སྐབས། ཕུའུ་ཅིང་གིས། དེའི་འདོད་བློ་ཡོད་ན་ཅི་ཡང་འབྱུང་སྲིད།

中央广播电视总台 央广网 版权所有

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད(2024ལོ་ནས་2035ལོ་བར)》པར་འགྲེམས་བྱས་པ།

དམིགས་འབེན་གཙོ་བོ་ནི། 2027ལོར་སླེབས་སྐབས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་དུས་མཚམས