ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

2024ལོའི་བོད་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་ཁ་བཟང་བ།

2025-01-20 15:18:00     责编:娜科

  འདི་ག་ལས་ཁུངས་ཀྱི་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན་སྤྱི་ལོ་2024ལོར་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། 

 

 

བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་ཞུ་ལས་མངོན་པར་གཞིགས་ན།    སྤྱི་ལོ་2024ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་བསྡོམས་འབོར་བརྒྱ་ཆ་6.3འཕར་བ་དང་། དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱུན་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། བརྟན་ལྷིང་གི་རྣམ་པའི་བོད་ལྗོངས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་“7+1”བརྟན་ལྷིང་སྲུང་སྐྱོང་དང་འགོག་ཟོན་བྱེད་སྟངས་གཏིང་ཟབ་ཏུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམས་ཚད་99%ཡན་རྒྱུན་འཁྱོངས་བྱས་ཡོད། དེ་དང་ཆབས་ཅིག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་ཏན་ཏིག་བྱས་ནས་མི་རིགས་མཐུན་སྒྲིལ་བྱ་གཞག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།     

 འཕེལ་རྒྱས་ཀྱི་སྒུལ་ཤུགས་ཐད་བོད་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར་1700ལྷག་ཙམ་ལེགས་གྲུབ་བྱས་པ་དང་ཁྲོན་བོད་ལྕགས་ལམ་སོགས་རྣམ་གྲངས་གལ་ཆེན་བདེ་བླག་ངང་སྤེལ་ཡོད།     གཞན་ཡང་བོད་ལྗོངས་ཀྱིས་ད་དུང་འཛད་སྤྱོད་དངོས་ཟོག་རྙིང་ཚབ་གསར་བརྗེ་དང་ས་ཁོངས་བརྒལ་བའི་གྲང་ཕྲེང་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་འཛུགས་སྐྲུན་སོགས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བ་བྱས་ཡོད། རིག་གནས་ཡུལ་སྐོར་ལས་རིགས་ལའང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་པ་སྟེ། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་22%འཕར་བ་དང་ལོ་ཧྲིལ་པོར་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་གྲངས་དང་འགྲོ་སོང་ཁག་སོ་སོར་16%དང་15%འཕར་ཡོད།   

གདིང་ཤུགས་ཀྱི་ལེགས་ཆའི་ཐད་བོད་ལྗོངས་ཀྱི་ཞིང་འབྲོག་ལས་སྤུས་འབྲས་གཉིས་ཐོན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་110ལས་བརྒལ་ཡོད། དེ་དང་ཆབས་ཅིག་ནུས་ཁུངས་གཙང་མའི་ཐོན་ལས་དང་ས་མཐོའི་ཁྱད་ཆོས་ལྡན་པའི་ཐོན་ལས་སོགས་ལའང་གདིང་ཤུགས་ཧ་ཅང་ཆེན་པོ་མངོན་ཡོད།     གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པའི་ཐད་བོད་ལྗོངས་ཀྱིས་ཐབས་མང་སྣ་ཚོགས་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་ས་མཐོའི་མཐུན་སྐྱིད་ཤང་གྲོང་ཁག་300གསར་དུ་བསྐྲུན་པ་དང་རྒྱུན་སྡོད་མི་འབོར་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་ཚད་39%ཡན་ཟིན་ཡོད།     

སྒྱུར་བཅོས་སྒོ་དབྱེའི་ཐད་བོད་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་འདོན་རྒྱུར་སྐུལ་འདེད་བཏང་བ་དང་སྲིད་དོན་ཞབས་ཞུའི་ལས་དོན་དྲ་ཐོག་ནས་སྒྲུབ་ཐུབ་ཚད་100%ཟིན་ཡོད། དེ་དང་ཆབས་ཅིག་ནོར་སྲིད་དང་གཞུང་ཁོངས་ཁེ་ལས་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དང་ཞིང་ཆེན་དང་གྲོང་ཁྱེར་མང་པོ་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པས་ཆུ་ཚད་མཐོ་བའི་སྒོ་འབྱེད་ཐད་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད།   

དམངས་འཚོ་འགན་སྲུང་ཐད་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་129དོན་འཁྱོལ་བྱས་ནས་དམངས་འཚོའི་བྱ་བ་དངོས་21ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་པ་རེད། ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་ཀྱི་ཁྱབ་ཁོངས་སུའང་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་བ་དང་མི་དམངས་མང་ཚོགས་ཀྱི་བདེ་ཚོར་དང་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།     གཞན་ཡང་བོད་ལྗོངས་ཀྱིས་ད་དུང་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ་དང་གཙང་ཆུ་དང་མཚེའུ་གཙོ་གྲས་ཀྱི་ཆུའི་སྤུས་ཚད་དེ་IIIརིགས་ཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་བཅས་ཡོད་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ། 

གསར་འགོད་པ། གཡུང་དྲུང་ཡེ་ཤེས། བསྟན་འཛིན་དབང་ཕྱུག  

འཛམ་གླིང་སྐར་ཁུངས།

▶ཕུའུ་ཅིང་གིས་འཛམ་གླིང་དམག་ཆེན་གསུམ་པ་འབྱུང་མིན་ཐད་ལན་འདི་བཏབ།

ཨུ་རུ་སུ་དང་ཨ་རི་དང་ནུབ་ཕྱོགས་བར་གྱི་འབྲེལ་བ་འཛུགས་ཐུབ་མིན་འདྲི་སྐབས། ཕུའུ་ཅིང་གིས། དེའི་འདོད་བློ་ཡོད་ན་ཅི་ཡང་འབྱུང་སྲིད།

中央广播电视总台 央广网 版权所有

2024ལོའི་བོད་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་ཁ་བཟང་བ།

དམངས་འཚོ་འགན་སྲུང་ཐད་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་129དོན་འཁྱོལ་བྱས་ནས་དམངས་འཚོའི་བྱ་བ་དངོས་21ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་པ་རེད། ལས་ཞུགས་དང་།