ལྷ་སའི་ཡན་ལག་ཚོཊ་རའི་མཚན་ཚོཊ་ཀྱི་གཙོ་སྐྱོང་པ་ཁོང་གཉིས་རེད་འདུག
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་༼སྤྱི་ལོ་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་༽ཀྱི་གཙོ་སྐྱོང་པའི་དཔུང་ཁག་ཁྱབ་བསྒྲགས་བྱས་འདུག
དེ་ཡང་པེ་ཅིན་གྱི་ཚོགས་ར་གཙོ་བོའི་གཙོ་སྐྱོང་པ་ནི་རེན་ལུའུ་ཡུས་དང་། ས་པེ་ཉིང་། ཉི་ཀེ་མའེ་ཐི། ལུང་དབྱང་། མ་ཧྥན་ཧྲུའུ་བཅས་ཡིན་པ་དང་། ཁྲུང་ཆིང་ཡན་ལག་ཚོགས་རའི་གཙོ་སྐྱོང་པ་ནི། ཀྲང་ཐའོ་དང་ཧོ་མའོ་མའོ་དང་། ཧུའུ་པེ་ཝུའུ་ཧན་ཡན་ལག་ཚོགས་རའི་གཙོ་སྐྱོང་པ་ནི་ཇང་ཧྥན་དང་གྲེན་ཁྲའོ། བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་གཙོ་སྐྱོང་པ་ནི་ཀྲུའུ་ཤུན་དང་སྲིད་ཐར་ནོར་བུ། ཅང་སུའུ་ཝུའུ་ཞིའི་ཡན་ལག་ཚོགས་རའི་གཙོ་སྐྱོང་པ་ནི་ཝང་དབྱིན་ཆི་དང་ལི་ཧའོ་བཅས་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ལྷག་པ།
སྒྲིག་སྒྱུར། བསྟན་དབང་།