ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

བོད་ལྗོངས་ཀྱིས་དམངས་འཚོའི་བྱ་བ་དངོས་འདི་འདྲ་སྒྲུབ་རྩིས་འདུག

2025-01-20 15:15:00     责编:娜科

  གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ནས་ཤེས་རྟོགས་བྱུང་བར།  སྤྱི་ལོ་2025ལོར་བོད་ལྗོངས་ཀྱིས་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ཁག་28སྒྲུབ་རྩིས་འདུག

གཅིག  གནོད་འཚེ་ཕོག་མཁན་གྱི་བར་བརྒལ་འཚོ་བའི་རོགས་སྐྱོར་ཐད་མ་དངུལ་སྒོར་དུང་ཕྱུར་4.5གཏོང་རྒྱུ། 

གཉིས། ལས་ཞུགས་ཀྱི་རྣམ་གྲངས་ཁག་2ལ་མ་དངུལ་སྒོར་དུང་ཕྱུར་9.7གཏོང་རྒྱུ། 

གསུམ། སློབ་གསོའི་རྣམ་གྲངས་ཁག་3ལ་མ་དངུལ་སྒོར་དུང་ཕྱུར་43.5གཏོང་རྒྱུ། 

བཞི། སྨན་བཅོས་འཕྲོད་བསྟེན་གྱི་རྣམ་གྲངས་ཁག་8ལ་མ་དངུལ་སྒོར་དུང་ཕྱུར་33གཏོང་རྒྱུ། 

ལྔ། སྤྱི་ཚོགས་འགན་སྲུང་གི་རྣམ་གྲངས་ཁག་8ལ་མ་དངུལ་སྒོར་དུང་ཕྱུར་24.1གཏོང་རྒྱུ། 

དྲུག དེ་མིན་གྱི་རྣམ་གྲངས་ཁག་6ལ་མ་དངུལ་སྒོར་དུང་ཕྱུར་33.2གཏོང་རྒྱུ་བཅས་མདོར་ན་སྤྱི་ལོ་2025ལོར་བོད་ལྗོངས་ཀྱི་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ཁག་28ཡོད་པ་དེ་དག་ལོ་གོང་མ་དང་བསྡུར་ན་ཁག་7གྱིས་མང་བ་ཡོད་པ་དང་། རགས་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་148ཟིན་ནས་ལོ་གོང་མ་དང་བསྡུར་ན་སྒོར་དུང་ཕྱུར་16.2མང་བ་ཡོད་པ་རེད།  

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ། 

གསར་འགོད་པ། གཡུང་དྲུང་ཡེ་ཤེས། བསྟན་འཛིན་དབང་ཕྱུག

འཛམ་གླིང་སྐར་ཁུངས།

▶ཕུའུ་ཅིང་གིས་འཛམ་གླིང་དམག་ཆེན་གསུམ་པ་འབྱུང་མིན་ཐད་ལན་འདི་བཏབ།

ཨུ་རུ་སུ་དང་ཨ་རི་དང་ནུབ་ཕྱོགས་བར་གྱི་འབྲེལ་བ་འཛུགས་ཐུབ་མིན་འདྲི་སྐབས། ཕུའུ་ཅིང་གིས། དེའི་འདོད་བློ་ཡོད་ན་ཅི་ཡང་འབྱུང་སྲིད།

中央广播电视总台 央广网 版权所有

བོད་ལྗོངས་ཀྱིས་དམངས་འཚོའི་བྱ་བ་དངོས་འདི་འདྲ་སྒྲུབ་རྩིས་འདུག

དེ་མིན་གྱི་རྣམ་གྲངས་ཁག་6ལ་མ་དངུལ་སྒོར་དུང་ཕྱུར་33.2གཏོང་རྒྱུ་བཅས་མདོར་ན་སྤྱི་ལོ་2025ལོར་བོད་ལྗོངས་ཀྱི་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ཁག་28ཡོད་པ་དེ་དག་ལོ་གོང་མ་དང་བསྡུར་ན་ཁག་7གྱིས་མང་བ་ཡོད་པ་དང་།