ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལྷོ་ཁོ་རེ་ཡས་ཐེངས་དང་པོར་འགན་བཞེས་བཞིན་པའི་ཙུང་ཐུང་འཛིན་བཟུང་བྱས་པ་དང་། དབྱིན་ཞི་ཡུའེ་ཕྱོགས་ནས་ནག་ཉེས་ཐེར་འདོན་གྱི་འདྲི་གཅོད་ཐེངས་གཉིས་པའི་རྩོད་གླེང་ཕྱི་སྣུར་བྱ་དགོས་པའི་རེ་བ་བཏོན་པ།

2025-01-16 14:49:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  ལྷོ་ཁོ་རེ་ཡའི་ཙུང་ཐུང་དབྱིན་ཞི་ཡུའེ་སྤྱི་ཚེས་15ཉིན་གྱི་ཆུ་ཚོད་10དང་སྐར་མ་33ཐོག་འཛིན་བཟུང་བྱས་ཡོད་པ་དང་། དེ་ནི་ལྷོ་ཁོ་རེ་ཡའི་ལོ་རྒྱུས་ཐོག་འགན་བཞེས་བཞིན་པའི་ཙུང་ཐུང་ལ་འཛིན་བཟུང་བཀའ་རྒྱ་བཏང་བ་དེ་ལག་བསྟར་བྱེད་ཐེངས་དང་པོ་དེ་ཡིན་པ་རེད། ལྷོ་ཁོ་རེ་ཡའི་མཐོ་རིམ་གཞུང་ཞབས་པའི་ཉེས་གསོག་ཞིབ་བཤེར་ཁང་གིས་ཚེས་15ཉིན་གྱི་དགོང་མོའི་ཆུ་ཚོད་9དང་སྐར་མ་40ཡི་ཐོག་ལས་མཚམས་བཞག་པའི་ཙུང་ཐུང་དབྱིན་ཞི་ཡུའེ་ལ་ཉིན་དེར་བརྟག་དཔྱད་བྱེད་མཇུག་སྒྲིལ་ནས་ཁོང་ཧྲོའུ་ཨེར་བཀག་ཉར་ཁང་དུ་བསྐྱལ་ཡོད།

  གཞུང་ཞབས་པའི་ཉེས་གསོག་ཞིབ་བཤེར་ཁང་གིས་དབྱིན་ཞི་ཡུའེ་ཡིས་ཚེས་15ཉིན་བརྟག་དཔྱད་བྱེད་པའི་བརྒྱུད་རིམ་ནང་ཐོག་མཐའ་བར་གསུམ་དུ་གནས་ཚུལ་མི་ཞུ་བའི་དབང་ཆ་སྤྱད་དེ་བརྟག་དཔྱད་ཚོགས་ཆུང་གིས་བཏོན་པའི་དྲི་བར་ལན་གང་ཡང་བཏབ་མེད་ཅེས་བཤད་ཡོད།

   དབྱིན་ཞི་ཡུའེ་ཡི་ཁྲིམས་རྩོད་པའི་ཚོགས་པས་ཚེས་15ཉིན་དབྱིན་ཞི་ཡུའེ་འཛིན་བཟུང་བྱས་པའི་ཐད་ཧྲོའུ་ཨེར་གྱི་ཀྲུང་དབྱང་ས་གནས་ཁྲིམས་ཁང་ལ་འཛིན་བཟུང་དེ་འོས་འཚམ་ཡིན་མིན་གྱི་ཞིབ་བཤེར་བྱ་རྒྱུའི་རེ་བ་བཏོན་ཡོད། གཞན་ཡང་དབྱིན་ཞི་ཡུའེ་ཡི་ཁྲིམས་རྩོད་པའི་ཚོགས་པས་རྩ་ཁྲིམས་ཁྲིམས་ཁང་ལ་མ་གཞི་ཚེས་16ཉིན་གྱི་ཕྱི་དྲོར་འཚོག་རྒྱུར་གཏན་འཁེལ་བྱས་པའི་དབྱིན་ཞི་ཡུའེ་ཡི་ནག་ཉེས་ཐེར་འདོན་གྱི་འདྲི་གཅོད་ཡོངས་བསྒྲགས་རྩོད་གླེང་ཐེངས་གཉིས་པ་ཕྱི་སྣུར་བྱ་དགོས་པའི་རེ་བ་བཏོན་ཡོད།

  ཡིག་སྒྱུར། བདེ་ལྷ་མོ

  ཞུ་དག སྒྲོལ་མ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཕུའུ་ཅིང་གིས་འཛམ་གླིང་དམག་ཆེན་གསུམ་པ་འབྱུང་མིན་ཐད་ལན་འདི་བཏབ།

ཨུ་རུ་སུ་དང་ཨ་རི་དང་ནུབ་ཕྱོགས་བར་གྱི་འབྲེལ་བ་འཛུགས་ཐུབ་མིན་འདྲི་སྐབས། ཕུའུ་ཅིང་གིས། དེའི་འདོད་བློ་ཡོད་ན་ཅི་ཡང་འབྱུང་སྲིད།

中央广播电视总台 央广网 版权所有

ལྷོ་ཁོ་རེ་ཡས་ཐེངས་དང་པོར་འགན་བཞེས་བཞིན་པའི་ཙུང་ཐུང་འཛིན་བཟུང་བྱས་པ་དང་། དབྱིན་ཞི་ཡུའེ་ཕྱོགས་ནས་ནག་ཉེས་ཐེར་འདོན་གྱི་འདྲི་གཅོད་ཐེངས་གཉིས་པའི་རྩོད་གླེང་ཕྱི་སྣུར་བྱ་དགོས་པའི་རེ་བ་བཏོན་པ།

དབྱིན་ཞི་ཡུའེ་ཡི་ཁྲིམས་རྩོད་པའི་ཚོགས་པས་ཚེས་15ཉིན་དབྱིན་ཞི་ཡུའེ་འཛིན་བཟུང་བྱས་པའི་ཐད་