ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཐ་ཁེ་ལ་མ་ཀན་བྱེ་ཐང་གི་ས་སྟོང་ཚང་མར་རྩྭ་རྩི་ཤིང་བཏབ་པ།

2024-11-29 14:50:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཤིན་ཅང་ཐ་ཁེ་ལ་མ་ཀན་བྱེ་ཐང་མཐའ་ཁུལ་གྱི་སྤྱི་ལེ་གཅིག་གི་ས་སྟོང་ཁུལ་ལ་སྤྱི་ཚེས་༢༨ཉིན་རྩྭ་རྩི་ཤིང་བཏབ་རྗེས།  ཐ་ཁེ་ལ་མ་ཀན་བྱེ་ཐང་གི་སྤྱི་ལེ་༣༠༤༦ཡོད་པའི་སྔོ་ལྗང་རྩི་ཤིང་གིས་བྱེ་མ་འགོག་པའི་ལས་ཀ་དེ་རྦད་དེ་ལས་མཇུག་འགྲིལ་བ་མཚོན་གྱི་ཡོད། 
སྤྱི་ཚེས་༢༨ཉིན།  ཤིན་ཅང་ཡུས་ཐན་རྫོང་ཐ་ཁེ་ལ་མ་ཀན་བྱེ་ཐང་གི་མཐའ་ཁུལ་རྨིད་ངོས་སྙོམས་གྲུ་བཞི་མ་༥༠༠༠ཡོད་པའི་བྱེ་ཐང་ཐོག་རྒྱ་སེ་མེ་ཏོག་དང་རྒྱ་ལྕང་སོགས་འདེབས་འཛུགས་བྱས་རྗེས་ཐ་ཁེ་ལ་མ་ཀན་བྱེ་ཐང་གི་མཐའ་ཁུལ་གྱི་མཇུག་མཐའི་ས་སྟོང་དེར་རྩྭ་རྩི་ཤིང་བཏབ་ཐུབ་པ་བྱུང་ཡོད། 
རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་སུམ་འབུམ་སུམ་ཁྲི་བདུན་སྟོང་དྲུག་བརྒྱ་ཟིན་པའི་ཐ་ཁེ་ལ་མ་ཀན་བྱེ་ཐང་ནི་ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་དང་འཛམ་གླིང་ཐོག་འགུལ་སྐྱོད་ཆེ་གྲས་ཨང་གཉིས་པར་སླེབས་པའི་བྱེ་ཐང་ཞིག་ཡིན།  སྤྱི་ལོ་༢༠༢༣ལོའི་ལོ་མཇུག་བར་དུ།  བྱེ་ཐང་མཐའ་འཁོར་དུ་རིང་ཚད་ལ་སྤྱི་ལེ་༢༧༦༡ཡོད་པའི་རྩྭ་རྩི་ཤིང་གི་བྱེ་འགོག་ར་བ་ཞིག་བསྐྲུན་ཐུབ་ཡོད།   བྱེ་ཐང་གི་ལྷོ་མཚམས་དང་ཤར་ལྷོའི་མཚམས་ཀྱི་སྔོ་ལྗང་ར་བའི་ནང་ད་དུང་ས་སྟོང་སྤྱི་ལེ་༢༨༥ལུས་ཡོད་ཅིང་།  ས་ཆ་དེ་ནི་ཐ་ཁེ་ལ་མ་ཀན་བྱེ་ཐང་ཡོངས་ལ་རྩྭ་རྩི་ཤིང་འདེབས་འཛུགས་བྱེད་པའི་ལས་ཀའི་ཁྲོད་ཆེས་འདེབས་འཛུགས་དཀའ་བའི་ས་ཁོངས་ཀྱི་གྲས་ཤིག་རེད། 
སྤྱི་ལོ་༢༠༢༣ལོའི་ཟླ་༡༡པར།  ཐ་ཁེ་ལ་མ་ཀན་བྱེ་ཐང་གི་མཐའ་བཞིར་རྩྭ་རྩི་ཤིང་འདེབས་པའི་ལས་ཀ་འགོ་བཙུགས་ཚུན།  ཤིན་ཅང་གིས་འཆར་འགོད་སྤྱི་དང་བྱ་ཐབས་དགུ་བཏོན་པ་དང་།  དམག་དང་ས་གནས་དབར་དང་ཁྱིམ་མཚེས་རྫོང་དང་གྲོང་ཁྱེར་དབར་སྲིད་འཛིན་གྱི་ས་ཁོངས་ལས་བརྒལ་བ།  ཆུ་དང་གློག་མ་དངུལ་སོགས་ཚང་མའི་ཐད་འགན་སྲུང་ཡོད་པ་བཅས་ཀྱི་ཐོག་ནས་བྱེ་བཅོས་ཀྱི་ལམ་དུ་ཞུགས་པ་དང་། ས་གནས་དེ་གའི་ནགས་ཚལ་དང་རྩྭ་ཐང་སོགས་འབྲེལ་ཡོད་ཚན་པས་ད་དུང་ཚོད་ལྟའི་ལས་ཀ་འབོར་ཆེན་ཞིག་བསྒྲུབས་རྗེས་རྒྱ་ལྕང་དང་རྩ་བ་བརྟན་པའི་སོ་སོ་སྡོང་པོ་སོགས་ཀྱི་བར་གསེང་དུ་སྨན་རྩྭ་མང་པོ་འདེབས་འཛུགས་བྱས་པས་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་འགྲོ་རྒྱུར་ཡང་ཕན་པ་བསྐྲུན་ཡོད།
ཐ་ཁེ་ལ་མ་ཀན་བྱེ་ཐང་ཆགས་སའི་བྱང་གསུམ་ས་ཁུལ་ནི་རང་རྒྱལ་གྱི་མྱ་ངམ་ཐང་གི་བྱེ་མ་འགོག་བཅོས་བྱེད་སའི་ལྟེ་བའི་ས་ཁོངས་ཤིག་རེད།  ད་ལོ་ཤིན་ཅང་གིས་རིམ་རྩིས་བྱས་ན་བྱང་གསུམ་ཐང་དུ་རྒྱ་ཁྱོན་ལ་མུའུ་བྱེ་བ་གཅིག་དང་ས་ཡ་གཅིག་དང་སུམ་འབུམ་དགུ་ཁྲི་བདུན་སྟོང་བདུན་བརྒྱ་ཟིན་པའི་ས་ཆར་རྩྭ་རྩི་ཤིང་འདེབས་འཛུགས་ཐུབ་ཡོད་ཅིང་།  དེ་དག་ཁྲོད་ཐ་ཁེ་ལ་མ་ཀན་གྱི་བྱེ་འགོག་ཐད་མུའུ་ས་ཡ་བདུན་དང་བདུན་འབུམ་བཞི་ཁྲི་དགུ་སྟོང་ཟིན་པའི་ས་ཆར་རྩྭ་རྩི་ཤིང་འདེབས་འཛུགས་ཐུབ་ཡོད།

中央广播电视总台 央广网 版权所有

ཐ་ཁེ་ལ་མ་ཀན་བྱེ་ཐང་གི་ས་སྟོང་ཚང་མར་རྩྭ་རྩི་ཤིང་བཏབ་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཤིན་ཅང་ཐ་ཁེ་ལ་མ་ཀན་བྱེ་ཐང་མཐའ་ཁུལ་གྱི་སྤྱི་ལེ་གཅིག་གི་ས་སྟོང་ཁུལ་ལ་སྤྱི་ཚེས་༢༨ཉིན་རྩྭ་རྩི་ཤིང་བཏབ་རྗེས།