ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཨུ་རུ་སུའི་དམག་དཔུང་གིས་ཁུའུ་ལ་ཧོ་ཝོ་གྲོང་ཁྱེར་གྱི་ལྟེ་གནས་བར་ཕར་རྒོལ་བྱས་ཡོད་ཅེས་དང་། ཡུག་རེན་གྱི་ཙུང་ཐུང་གིས་ཕྱོགས་འདིའི་གནས་བབ་དཀའ་ཁག་ཆེ་ཞེས་བཤད་པ།

2024-11-26 09:31:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་སྤྱི་ཚེས་25ཉིན་དམག་འཐབ་གནས་ཚུལ་སྤེལ་བའི་ནང་། འདས་ཟིན་པའི་ཉིན་མཚན་གཅིག་རིང་། ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་གྱི་དམག་དོན་བཟོ་ལས་ཁེ་ལས་ལ་འགན་སྲུང་བྱེད་པའི་དམག་སྤྱོད་གནམ་གྲུ་ཐང་གི་སྒྲིག་བཀོད་དང་ནུས་ཁུངས་ཀྱི་སྒྲིག་བཀོད་ལ་རྡུང་རྡེག་བཏང་ཡོད་པ་དང་། ཨུ་རུ་སུའི་དམག་དཔུང་གི་མཁའ་ཟོན་མ་ལག་གིས་མི་མེད་གནམ་གྲུ་45གཏོར་བ་དང་དུས་མཚུངས་སུ་མདེལ་ལམ་འཕུར་མདའ་8བཀག་ཡོད་པ་བརྗོད་ཡོད།

  ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཉིན་དེར་གཡུལ་སར་དམག་འཐབ་ཐེངས་བརྒྱ་ལྷག་ཙམ་བརྒྱབ་ཡོད་པ་དང་། དམག་རྒྱག་ཡུལ་དེ་གཙོ་བོ་ཁུའུ་ལ་ཧོ་ཝོ་དང་པོ་ཁེ་ལོ་ཧྥུ་སི་ཁེའི་ཕྱོགས་ཡིན་ཞེས་བརྗོད་ཡོད།  ཨུ་རུ་སུའི་རྒྱལ་ཁབ་སྨྱན་སྦྱོར་གྱིས་སྤྱི་ཚེས་25ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་ཏུན་ཉེ་ཚི་ཁེའི་ཁུའུ་ལ་ཧོ་ཝོ་གྲོང་ཁྱེར་གྱི་ལྟེ་གནས་བར་ཕར་རྒོལ་བྱས་ཡོད་པ་བསྟན་ཡོད། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅིས་ཉིན་དེར་སྤྱི་འབྲེལ་སྨྱན་སྦྱོར་ཐོག མིག་སྔར་ཁུའུ་ལ་ཧོ་ཝོ་ཕྱོགས་ཀྱི་ཡུག་རེན་དམག་དཀའ་ཚེགས་ཆེ་བའི་གནས་སུ་གྱར་ཡོད་ཅེས་དང་། ཁོང་གིས་ཁུའུ་ལ་ཧོ་ཝོ་ཡི་ཕྱོགས་ནི་དཀའ་ངལ་ཆེ་ཤོས་ཀྱི་ཕྱོགས་དེ་ཡིན། ཡུག་རེན་དམག་གིས་གཡུལ་སར་ཤུགས་སྣོན་ཧུར་ཐག་རྒྱག་བཞིན་ཡོད་པ་དང་། གཞན་ཡང་ཀྲ་པོ་ལོའི་རེའི་ཕྱོགས་སུ་ཉེན་ཁ་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ།  ཡུག་རེན་དམག་གིས་དུས་བབ་ལ་ཚོད་འཛིན་བྱེད་བཞིན་ཡོད་ཅེས་བསྟན་ཡོད།

中央广播电视总台 央广网 版权所有

ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཨུ་རུ་སུའི་དམག་དཔུང་གིས་ཁུའུ་ལ་ཧོ་ཝོ་གྲོང་ཁྱེར་གྱི་ལྟེ་གནས་བར་ཕར་རྒོལ་བྱས་ཡོད་ཅེས་དང་། ཡུག་རེན་གྱི་ཙུང་ཐུང་གིས་ཕྱོགས་འདིའི་གནས་བབ་དཀའ་ཁག་ཆེ་ཞེས་བཤད་པ།

ཡུག་རེན་དམག་གིས་གཡུལ་སར་ཤུགས་སྣོན་ཧུར་ཐག་རྒྱག་བཞིན་ཡོད་པ་དང་། གཞན་ཡང་ཀྲ་པོ་ལོའི་རེའི་ཕྱོགས་སུ་ཉེན་ཁ་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ། ཡུག་རེན་དམག་གིས་དུས་བབ་ལ་ཚོད་འཛིན་བྱེད་བཞིན་ཡོད་ཅེས་བསྟན་ཡོད།