ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《འབྲུ་རིགས་གྲོན་ཆུང་དང་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཇུས་གཞི》དཔར་འགྲེམས་བྱས་པ།

2024-11-26 09:38:00     责编:娜科
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་《འབྲུ་རིགས་གྲོན་ཆུང་དང་ཟས་རིགས་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཀྱི་ཇུས་གཞི་》དཔར་འགྲེམས་བྱས་པ་དང་། བརྡ་ཐོ་བཏང་ནས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་དགོས་པའི་བླང་བྱ་བཏོན་ཡོད།
  ཇུས་གཞིའི་ནང་ཁ་གསལ་བཟོས་པའི་སྤྱིའི་དམིགས་འབེན་ནི། ཐོན་འཕར་ཡོང་བར་ངེས་པར་དུ་གྲོན་ཆུང་བྱ་དགོས་པ་དང་། གྲོན་ཆུང་ནི་ཐོན་འཕར་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བྱས་རྗེས་ཡུན་རིང་འཇོག་པ་དང་། དམ་འཛིན་ལྷོད་མེད། ལྟ་སྲུང་ནན་པོ་བཅས་མཐའ་འཁྱོངས་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ། འབྲུ་རིགས་དང་ཟས་རིགས་ཟད་གྲོན་དང་འཕྲོ་བརླག་གཏོང་རིགས་ཉུང་དུ་ཏན་ཏིག་གཏོང་དགོས། 2027ལོའི་ལོ་མཇུག་ཏུ་སླེབས་སྐབས། འབྲུ་རིགས་དང་ཟས་རིགས་གྲོན་ཆུང་གི་ཡུན་ཕན་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། འབྲུ་རིགས་ཟད་གྲོན་དང་ཟས་རིགས་འཕྲོ་བརླག་སོང་བའི་བསྡོམས་རྩིས་བརྟག་དཔྱད་ལམ་ལུགས་དང་། ཚད་གཞི་ཚད་ལྡན། དམིགས་ཚད་མ་ལག་བཅས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། འབྲུ་རིགས་ཐོན་སྐྱེད་དང་། གསོག་འཇོག སྐྱེལ་འདྲེན། ལས་སྣོན་བཅས་ཀྱི་གྱོང་གུན་ཕོག་ཚད་རྒྱལ་སྤྱིའི་ཆ་སྙོམས་ཆུ་ཚད་མན་དུ་ཚོད་འཛིན་བྱེད་པ། བཟའ་འཐུང་ལས་རིགས་དང་། ལས་ཁུངས་ཀྱི་ཟ་ཁང་། སློབ་གྲྭའི་ཟ་ཁང་། ཁེ་ལས་ཀྱི་ཟ་ཁང་སོགས་ཀྱི་མི་རེའི་ཆ་སྙོམས་ཟས་རིགས་འཕྲོ་བརླག་འགྲོ་ཚད་མངོན་གསལ་དོད་པོས་ཆག་པ་བཅས་བྱས་ནས། བཟའ་འཐུང་འཕྲོ་བརླག་འགྲོ་རྒྱུ་བཀག་འགོག་ནུས་ལྡན་ཐུབ་པ་བྱ་རྒྱུ་རེད། རྒྱུན་མཐུད་འབད་བརྩོན་དང་དམངས་ཡོངས་ཞུགས་པ་བརྒྱུད་དེ། འབྲུ་རིགས་གྲོན་ཆུང་དང་། འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་དར་སྲོལ་དེ་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་ཆགས་པར་སྐུལ་འདེད་གཏོང་དགོས་པ་བཅས་ཡིན།
  ཇུས་གཞིའི་ནང་གཤམ་གསལ་གྱི་ཐད་ནས་བཀོད་སྒྲིག་བྱས་པ་སྟེ། གཅིག་ནི་འབྲུ་རིགས་གྲོན་ཆུང་དང་ཟད་གྲོན་ཉུང་གཏོང་གི་བྱ་སྤྱོད་ཡིན་ཞིང་། འབྲུ་རིགས་འཕྲུལ་བསྡུའི་ཟད་གྲོན་ཆུང་དུ་གཏོང་བ་དང་། འབྲུ་རིགས་གསོག་ཉར་གྱི་གྱོང་གུན་དང་ཟད་གྲོན་ཆུང་དུ་གཏོང་བ། འབྲུ་རིགས་སྐྱེལ་འདྲེན་གྱི་ཟད་གྲོན་ཆུང་དུ་གཏོང་བ། འབྲུ་རིགས་ལས་སྣོན་གྱི་ཟད་གྲོན་ཆུང་དུ་གཏོང་བ་བཅས་བྱེད་དགོས། གཉིས་ནི་དམངས་ཡོངས་ཀྱི་འབྲུ་རིགས་གྲོན་ཆུང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་བྱ་སྤྱོད་ཡིན་ཞིང་། ཁྱིམ་ཚང་དང་མི་སྒེར་གྱི་ཟས་རིགས་འཕྲོ་བརླག་གཏོང་རིགས་ཉུང་དུ་གཏོང་བ་དང་། ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། གཞོན་ནུ་ལོ་ཆུང་ལ་སློབ་གསོ་རྒྱག་པ་དང་གྲོན་ཆུང་བསྲི་ཚགས་ཀྱི་ཁྱིམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། གསུམ་ནི་བཟའ་འཐུང་ལས་རིགས་ཀྱི་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཡིན་ཞིང་། དེའི་ནང“སྡེར་གཙང་བྱ་སྤྱོད”གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་འགལ་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ། ལས་རིགས་ཀྱི་རང་གཅུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བཞི་ནི་ལས་ཁུངས་ཟ་ཁང་གིས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཡིན་ཞིང་། ལས་ཁུངས་ཟ་ཁང་གིས་འཕྲོ་བརླག་ལ་ངོ་རྒོལ་དང་། སློབ་གྲྭའི་ཟ་ཁང་གིས་འཕྲོ་བརླག་ལ་ངོ་རྒོལ། ཁེ་ལས་ཟ་ཁང་གིས་འཕྲོ་བརླག་ལ་ངོ་རྒོལ་བཅས་བྱེད་དགོས། ལྔ་ནི་ཟད་གྲོན་དང་འཕྲོ་བརླག་སོང་བའི་བསྡོམས་རྩིས་བརྟག་དཔྱད་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང། བསྡོམས་རྩིས་བརྟག་དཔྱད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཁྱབ་ཁོངས་དབྱེ་ནས་ཆེད་དོན་བསྡོམས་རྩིས་བརྟག་དཔྱད་བྱེད་དགོས་པ། དྲུག་ནི་འགན་ལེན་བྱ་ཐབས་ཡིན་ཞིང་། སྒྲིག་འཛུགས་ལག་བསྟར་བྱ་ཤུགས་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། 

 

中央广播电视总台 央广网 版权所有

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《འབྲུ་རིགས་གྲོན་ཆུང་དང་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཇུས་གཞི》དཔར་འགྲེམས་བྱས་པ།

དྲུག་ནི་འགན་ལེན་བྱ་ཐབས་ཡིན་ཞིང་། སྒྲིག་འཛུགས་ལག་བསྟར་བྱ་ཤུགས་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།