ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རང་རྒྱལ་གྱི་གོ་ལ་ཧྲིལ་པོར་སྔོན་ལ་ས་ཆ་ཞན་འགྱུར་བྱེད་ཚད་ཆེ་རུ་ཕྱིན་མེད་པ་མངོན་འགྱུར་ཐུབ་པ།

2024-11-26 09:35:00     责编:娜科

  འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྤྱི་ཟླ་11ཚེས་25ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། བྱང་གསུམ་ལས་གྲྭའི་འགག་གཏོར་ལས་འགོ་བཙུགས་ནས་ལོ་གཅིག་ལྷག་ཙམ་སོང་ཚུན། འགོ་ཡག་པོ་ཞིག་བཙུགས་ནས་བྱེ་ཁུལ་གྱི་འབྱུང་ཁམས་གནས་ཚུལ་རྒྱུན་མཐུད་ལེགས་བཅོས་ཐུབ་ཡོད།

  རང་རྒྱལ་ནི་འཛམ་གླིང་ཐོག་བྱེ་འགྱུར་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། བྱང་གསུམ་འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན་སོགས་གཙོ་གནད་ལས་གྲྭ་ཁག་གཅིག་སྒྲིག་འཛུགས་ལག་བསྟར་བྱས་པ་བརྒྱུད། བྱང་གསུམ་ལས་གྲྭ་ཁུལ་གྱི་ནགས་ཚལ་ཁེབས་ཚད་བརྒྱ་ཆ་12དང་གྲངས་ཆུང་41ཟིན་པ་ནས་བརྒྱ་ཆ་13དང་གྲངས་ཆུང་84བར་འཕར་བ་དང་། ས་ཆུ་ཤོར་བའི་རྒྱ་ཁྱོན་བརྒྱ་ཆ་61བར་ནུས་ལྡན་ངང་ཚོད་འཛིན་ཐུབ་ཡོད་ཅིང་། རྨ་ཆུ་རྒྱུག་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད་དེ་ནུབ་ངོས་ལ་སྤྱི་ལེ་300ཙམ་རྒྱ་ཆེ་རུ་ཕྱིན་ཡོད།

  འདི་ལོ། བྱང་གསུམ་ལས་གྲྭ་ཁུལ་དུ་རིམ་རྩིས་བྱས་ན་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་320གཤམ་སྤྲོད་བྱས་ནས་གཙོ་གནད་རྣམ་གྲངས་287ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་མ་ཟད། བྱེ་འགྱུར་ས་ཆར་ནགས་བཟོ་དང་དོ་དམ་སྲུང་སྐྱོང་གསར་པ་བྱ་རྒྱུ་དེ་ཀྲུང་དབྱང་གི་མ་དངུལ་རྒྱབ་སྐྱོར་བྱེད་པའི་ཁྱབ་ཁོངས་ནང་ཐོག་མར་བཅུག་ཡོད་པ་རེད། འགག་གཏོར་བྱེད་པའི་བརྒྱུད་རིམ་ནང་ས་གནས་ཁག་གིས་ཀྲུང་དབྱང་དང་ས་གནས་མཉམ་ལས་དང་། མཉམ་འགོག་མཉམ་བཅོས། གུད་ཚབ་ལས་སྤྲོད་སོགས་ཀྱི་ལམ་སྲོལ་གསར་པ་དང་འོད་ཧྥུའུ་བྱེ་བཅོས། གཞུང་ལམ་ལ་བརྟེན་ནས་བྱེ་བཅོས་བྱེད་པ་སོགས་ཀྱི་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་པ་དང་། འཕྲུལ་ཆས་ཀྱིས་བྱེ་ས་བཙིར་སྣོན་དང་རིག་ནུས་ཤིང་འཛུགས། མི་མེད་གནམ་གྲུས་ས་བོན་བཏོར་བ་སོགས་སྒྲིག་ཆས་དང་ལག་རྩལ་གསར་པ་འགག་གཏོར་བྱ་ཡུལ་དུ་ཐོན་ཡོད། མིག་སྔའི་བར་བྱང་གསུམ་ལས་གྲྭ་ཁུལ་དུ་འཛུགས་སྐྲུན་ལས་འགན་ཁག་མུའུ་ཁྲི་5700ལེགས་གྲུབ་ཐུབ་ཡོད།

中央广播电视总台 央广网 版权所有

རང་རྒྱལ་གྱི་གོ་ལ་ཧྲིལ་པོར་སྔོན་ལ་ས་ཆ་ཞན་འགྱུར་བྱེད་ཚད་ཆེ་རུ་ཕྱིན་མེད་པ་མངོན་འགྱུར་ཐུབ་པ།

མིག་སྔའི་བར་བྱང་གསུམ་ལས་གྲྭ་ཁུལ་དུ་འཛུགས་སྐྲུན་ལས་འགན་ཁག་མུའུ་ཁྲི་5700ལེགས་གྲུབ་ཐུབ་ཡོད།