ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དགུན་དུས་ཀྱི་ཆུ་བེད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ།

2024-11-26 09:34:00     责编:娜科

  འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། མིག་སྔར་རྒྱལ་ཡོངས་དགུན་དུས་ཆུ་བེད་ཉམས་བཟོ་བྱེད་པའི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་པས་ས་གནས་ཁག་གིས་ཆུ་བེད་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཞིང་ཆུ་འདྲེན་ཁུལ་འཛུགས་སྐྲུན་སྒྱུར་བཀོད་བྱེད་མགྱོགས་སུ་བཏང་ནས་སང་ལོའི་འབྲུ་རིགས་ཐོན་འཕར་ཡོང་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད།

  ལྷོ་ཆུ་བྱང་འདྲེན་གྱི་ལམ་ཐིག་དབུས་མའི་རྗེས་མཐུད་ཆུ་ཁུངས་ཀྱི་ལས་གྲྭའི་ལས་འགོ་ཚུགས་པའི་རྣམ་གྲངས་ཐོག་མ་ཡིན་པའི་འབྲི་ཆུ་ཅང་ཧན་ལ་འདྲེན་པའི་ལས་གྲྭ་ཁྱོན་ཡོངས་ནས་སྤེལ་མགྱོགས་སུ་བཏང་བ་དང་། མིག་སྔར་ཕུག་ལམ་གཙོ་བོར་སོར་འབིགས་སྤྱི་ལེ་3དང་གྲངས་ཆུང་1ལས་བརྒལ་བ་བྱས་ཟིན་པ་དང་། ལམ་རྒྱུད་ཀྱི་ཡན་ལག་ཕུག་ལམ་འདྲུ་ཚད་ཁྱོན་སྤྱི་ལེ་14དང་གྲངས་ཆུང་7ལས་བརྒལ་ཡོད་པ་རེད། ཉེ་ཆར། འབྲི་ཆུ་ཅང་ཧན་ལ་འདྲེན་པའི་ལས་གྲྭའི་བྲག་རྡོ་སོར་འབིགས་འཕྲུལ་འཁོར་གཉིས་པ་སྟེ་ཅང་ཧན་དུས་བདེ་རྟགས་ཅན་གྱི་འགག་རྩའི་ལྷུ་ལག་སྒུལ་ཤུགས་འཕྲུལ་འཁོར་གཙོ་བོ་དེ་དུས་ཉིན་དྲུག་རིང་སྐྱེལ་འདྲེན་བྱས་པ་བརྒྱུད་湖北宜昌༼ཧུའུ་པེའི་དབྱི་ཁྲང་༽གྲོང་ཁྱེར་གྱི་ལས་ཡུལ་དངོས་སུ་བདེ་བླག་ངང་འབྱོར་ཡོད་པ་རེད། སྔོན་དཔག་བྱས་ན་དེ་བྱིངས་ཀྱི་ལྷུ་ལག་རྣམས་སྤྱི་ཟླ་11པའི་ཟླ་མཇུག་གོང་དབོར་ཟིན་རྒྱུ་མ་ཟད། དུས་སང་གི་སྤྱི་ཟླ་2པའི་ཟླ་མཇུག་གོང་སྒྲིག་སྦྱོར་ཟིན་ནས་འབྲི་ཆུ་ཅང་ཧན་ལ་འདྲེན་པའི་ལས་གྲྭའི་ཕུག་ལམ་འདྲུ་བའི་ལས་འགན་ལེགས་གྲུབ་བྱ་རྒྱུ་ཡིན་པ་རེད། ཅང་སུའུ་淮安༼ཧོའེ་ཨན་༽དུ་淮河༼ཧོའེ་ཧོ་༽ཆུ་བོ་རྒྱ་མཚོར་བཞུར་བའི་ཆུ་ལམ་གྱི་དུས་ཐེངས་གཉིས་པའི་ལས་གྲྭའི་淮安༼ཧོའེ་ཨན་༽ལྟེ་བའི་རྣམ་གྲངས་ཀྱིས་淮河༼ཧོའེ་ཧོ་༽ཆུ་བོའི་མཚོ་ལམ་གྱི་ཆུ་རྒྱུན་བཀག་བཅད་བྱས་ནས་ལས་གྲྭ་གཙོ་བོའི་འཛུགས་སྐྲུན་ལ་གྲ་སྒྲིག་ཡག་པོ་བྱས་ཡོད། ཨར་སྐྲུན་ལས་ཡུལ་དུ་བཟོ་པ་ཚོས་བྲེལ་འཚུབ་ཆེན་པོའི་སྒོ་ནས་རྔོག་འདོན་གཏིང་གཟབ་བྱེད་པ་དང་ལྷོ་བྱང་ཆུ་རགས་བརྟན་གཏོང་གི་ལས་བསྒྲུབས་བྱེད་མུས་ཡིན་པ་རེད།

  ཉེ་ཆར། རྨ་ཆུའི་ཆུ་བྱེ་སྙོམས་སྒྲིག་མ་ལག་གི་འགག་རྩའི་རང་བཞིན་གྱི་ལྟེ་བའི་ལས་གྲྭ་སྟེ། རྨ་ཆུའི་古贤༼ཀུའུ་ཞན་༽ཆུ་བེད་ལྟེ་གནས་ཀྱི་ཆུ་འདྲེན་བྲག་ཕུག་ལས་གྲྭའི་ཨར་ལས་དུམ་བུ་དངོས་སུ་སྐྲུན་འགོ་ཚུགས་པ་དེའི་ཐོག་ནས་ལས་གྲྭ་དེ་སླར་ཡང་འཛུགས་སྐྲུན་བྱེད་འགོ་བཙུགས་པ་མཚོན་ཡོད། ཆུ་བེད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། འདི་ལོའི་སྤྱི་ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་སུ་ཆུ་བེད་རྣམ་གྲངས་བཞི་ཁྲི་ལྔ་སྟོང་བཞི་བརྒྱ་ལག་བསྟར་བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆ་15དང་གྲངས་ཆུང་1འཕར་བ་དང་མ་དངུལ་སྒོར་དུང་ཕྱུར་ཁྲི་གཅིག་ལྷག་ཙམ་བཏང་ཡོད་པ་རེད། དེའི་ནང་ཆུ་བེད་པུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུའུ་དང་མཉམ་དུ་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་1100ལྷག་ཙམ་བཀོད་སྒྲིག་བྱས་ནས་ཞིང་ཆུ་འདྲེན་ཁུལ་1300ལྷག་ཙམ་གྱི་འཛུགས་སྐྲུན་སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་རེད། མིག་སྔའི་བར་ཀྲུང་དབྱང་གིས་མ་དངུལ་བཏང་བ་སྒོར་དུང་ཕྱུར་990ལྷག་ཙམ་ཟིན་ཡོད།

中央广播电视总台 央广网 版权所有

དགུན་དུས་ཀྱི་ཆུ་བེད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ།

ཞིང་ཆུ་འདྲེན་ཁུལ་1300ལྷག་ཙམ་གྱི་འཛུགས་སྐྲུན་སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་རེད། མིག་སྔའི་བར་ཀྲུང་དབྱང་གིས་མ་དངུལ་བཏང་བ་སྒོར་དུང་ཕྱུར་990ལྷག་ཙམ་ཟིན་ཡོད།