ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

བཀག་རྒྱ་གཏོར་ནས་ཁོར་ཡུག་ལེགས་སུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་གྱི་གོང་འཕེལ་གྱི་བར་མཐོངས་གསར་པ་གཏོད་པ།

2024-11-26 09:33:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གཡོ་འགུལ་སྤུ་ཙམ་མི་གཏོང་བ་གཉིས་ཀྱི་སྒྲིག་གཞི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ཏེ། དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་གོང་འཕེལ་སྟོབས་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། རིགས་ཁག་གི་གཉེར་སྐྱོང་གཙོ་གཟུགས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱེད་དགོས་ཞེས་བསྟན་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བར་ཁོར་ཡུག་བཟང་པོ་བསྐྲུན་པ་དང་། གོ་སྐབས་སྔར་ལས་མང་བ་མཁོ་འདོན་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་བྱེད་ཕྱོགས་དང་སྲིད་ཇུས་མཐའ་འཁྱོངས་བྱ་དགོས་ཞེས་བསྟན་ཡོད། ད་ལོ་ནས་བཟུང་བསྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་སྡེབས་གཅིག་ཏུ་བཏོན་ནས་ཁྲོམ་རའི་འཇུག་འཐུས་བཀག་རྒྱ་མུ་མཐུད་མེད་པར་བཟོ་བ་དང་དྲང་གཞག་འགྲན་རྩོད་ཀྱི་སྲིད་ཇུས་དང་ལམ་ལུགས་མགྱོགས་མྱུར་དོན་འཁྱོལ་བྱས་ཏེ། དམངས་གཉེར་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

  དུས་ཚིགས་བཞི་པར་སླེབས་པ་ནས་བཟུང། དམངས་གཉེར་ཁེ་ལས་ཀྱི་དོ་ཁུར་ལ་དམིགས་ནས་རྒྱལ་ཡོངས་ས་གནས་ཁག་གིས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་མགྱོགས་སུ་བཏང་ཡོད། ཀྲེ་ཅང་ཝུན་ཀྲོའུ་ཡིས་ཕྱི་རྒྱལ་དུ་མ་འཇོག་དང་ཉོ་ཚོང་བློ་འདྲིའི་ཞབས་ཞུའི་ལྟེ་གནས་བཙུགས་པ་དང་། གཙོ་གནད་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་ལྟ་ཞིབ་ཚད་ལེན་ཞབས་ཞུའི་ལམ་སྲོལ་དང་དེ་བཞིནམིང་ཐོ་དཀར་པོའིལམ་ལུགས་བཙུགས་ནས་ཁེ་ལསཕྱིར་བསྐྱོད་རྒྱུརརྒྱབ་སྐྱོར་བྱས་ཡོད། ཧྲེན་ཀྲེན་གྱི་དངུལ་ཁང་49ཡིས་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་ཁག་103བཏོན་ཏེ། ཡིད་རྟོན་གྲངས་གཞིའི་ཐོག་ནས་ཁེ་ལས་ཀྱི་གནད་འཕིགས་ཇུས་འགོད་བཟོས་པ་དང་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་སྔར་བས་ཤར་གཏོང་བྱས་ཡོད། སི་ཁྲོན་ཁྲེང་ཏུའུ་རུ་སྲིད་ཇུས་དོན་ཚན་200ལྷག་ཙམ་གྱིརུང་དབྱི་ཞངསྟེགས་བུ་ཤར་གཏོང་བྱས་ནས། ཁེ་ལས་ཀྱི་དགོས་མཁོ་དང་སྲིད་ཇུས་ཀྱི་དོན་ཚན་ཕན་ཚུན་རང་འགུལ་ངང་ཆ་འགྲིག་ཐུབ་པ་བྱེད་པ་དང་སྲིད་ཇུས་སྟབས་བདེའི་རེ་ཞུ་དང་། རིག་ནུས་ཞིབ་བཤེར། ནུས་མཐོའི་དངུལ་སྤྲོད་བཅས་མངོན་འགྱུར་ཐུབ་པ་བྱས་ཡོད། ཚོར་བ་དངོས་ཐུབ་པ་དང་ཕན་པ་དངོས་བསྐྲུན་པའི་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་དེ་དམངས་གཉེར་ཁེ་ལས་ཀྱི་ཡིད་ཆེས་དང་གསོན་ཤུགས་སུ་འགྱུར་བཞིན་ཡོད་པ་དང་། ཐོ་འགོད་བྱས་པའི་དམངས་གཉེར་ཁེ་ལས་ཀྱི་གྲངས་འབོར་བརྟན་པོའི་ངང་འཕར་ནས་ཚོང་དུད་ཁྲི་5500ཡི་འགག་སྒོ་ཆེན་པོ་ལས་བརྒལ་ཡོད། ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར་གཞི་ཁྱོན་ཡན་གྱི་སྒེར་གཉེར་ཁེ་ལས་ཀྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་བརྒྱ་ཆ་5.4འཕར་ཡོད་པ་དང་། ཕྱི་ཕྱོགས་ཉོ་ཚོང་གི་ལེགས་སྐྱེས་འབུལ་ཚད་མཐོ་རུ་ཕྱིན་པ་དེས་བསྡུར་ཚད་ཀྱི་བརྒྱ་ཆ་55.1བཟུང་བ་དང་དམངས་གཉེར་དཔལ་འབྱོར་རྒྱུན་མཐུད་ངང་འཕར་ནས་ལེགས་སུ་ཕྱིན་ཡོད་པ་རེད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ཐུགས་དབུས་སུ་འཇོག་གནང་མཛད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁོང་གིས་ས་གནས་སུ་ཟབ་ཞུགས་ཀྱིས་དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་རྟོག་ཞིབ་དང་ཐུགས་ཁུར་ཐེངས་མང་གནང་ནས། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིསདངའགྱུར་ལྡོག་མི་གཏོང་བ་གསུམམཐའ་འཁྱོངས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ནན་སྟོན་གནང་གི་ཡོད། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུར་དམིགས་ཏེ། ཁོང་གིས། དམངས་གཉེར་ཁེ་ལས་དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱས་ནས། རྒྱལ་སྤྱིའི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་དེ། རིགས་ཁག་གི་ཚོང་གཉེར་བྱེད་པོའི་གསོན་ཤུགས་འཕེལ་བ་བྱེད་དགོས། དམངས་གཉེར་ཁེ་ལས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་ཆེད། ཁོང་གིས། ཚན་རྩལ་གསར་གཏོད་དང་སྤུས་མཐོའི་གོང་འཕེལ་ནི་ཁེ་ལས་རྒྱུན་ཆད་མེད་པར་འཚར་ལོངས་དང་སྟོབས་ཆེར་འགྲོ་བ་དང་མི་ཕམ་པར་འགྱུར་བའི་འགག་རྩ་ཡིན་པས། དམངས་གཉེར་ཁེ་ལས་དང་མ་རྩ་མཉམ་འཇོག་ཁེ་ལས་ཚང་མར་དེའི་ཐད་མདུན་ལམ་རྒྱ་ཆེན་པོ་ཡོད་ཅེས་བསྟན་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱིས་ཁྲིམས་ལྟར་འདྲ་མཉམ་ཐོག་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་བེད་སྤྱོད་བྱེད་པ་དང་། གཞུང་དྲང་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པ། འདྲ་མཉམ་ཐོག་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་བཅས་ཀྱི་འགན་ལེན་བྱས་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱི་བཟང་ཆ་གསབ་རེས་དང་ཐུན་མོང་ཐོག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། མིག་སྔར། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྱུར་བཅོས་བྱ་ཐབས་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱེད་བཞིན་ཡོད།

  ལོ་འདི་ཤར་ཚུན། གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ཀྱི་འགྲན་རྩོད་རང་བཞིན་གྱི་ལས་སྒོ་ལྷུག་གཏོང་ཐད་འགག་གཏོར་རང་བཞིན་གྱི་འཕེལ་རིམ་ཐོན་ཡོད། གསར་དུ་ཞིབ་མཆན་བཀོད་པའི་ཉིང་རྡུལ་གློག་གི་རྣམ་གྲངས་ལྔ་ཚང་མར་དམངས་ཁྲོད་མ་རྩ་སྤྱད་པ་དང་། དམངས་གཉེར་ཁེ་ལས་མ་རྐང་ནང་ཞུགས་ཚད་10%ཐོག་མར་མཐོ་རུ་ཕྱིན་ཡོད། རྒྱལ་ཡོངས་ཀྱི་དམངས་ཁྲོད་མ་རྩའི་མ་རྐང་ཚོད་འཛིན་གྱིས་འཛུགས་སྐྲུན་བྱས་པའི་མྱུར་བགྲོད་ལྕགས་ལམ་གཉིས་པ་ཧང་ཀྲོའུ་ནས་དབུན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལས་གཉེར་བྱེད་འགོ་ཚུགས་ཡོད། པར་གཞི་གསར་པའི་ཁྲོམ་རའི་འཇུག་འཐུས་ཀྱི་ལྡོག་ཕྱོགས་གསལ་ཐོར་བཟོ་བཅོས་རྒྱག་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། ལེགས་སྒྲིག་ཐེངས་ལྔ་པ་དེ་བྱ་རྒྱུ་ཡིན་པ་རེད། སྡེ་ཚན་ཁག་གིས་གཅིག་གྱུར་ཁྲོམ་ར་དང་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་སྲིད་ཇུས་དང་བྱ་ཐབས་4218གཅིག་སྡུད་ཐོག་གཙང་སེལ་བྱས་པ་དང་། ཚོང་གཉེར་བྱེད་པོས་ལན་ཆ་དྲག་པོ་བྱེད་པའི་ཁེ་ལས་གནས་སྤོ་བྱ་རྒྱུར་ཚད་བཀག་བཟོ་བ་དང་དེའི་ནང་ཞུགས་རྒྱུར་འགོག་རྐྱེན་བཟོ་བ་སོགས་ཀྱི་བྱ་སྤྱོད་ཡོ་བསྲང་དང་བཅོས་སྒྲིག་ཐུབ་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་བར་མཐོངས་གསར་པ་བཏོད་ཡོད།

  དེ་དང་ཆབས་ཅིག ཁྲིམས་སྐྱོང་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བཞིན་ཡོད། ཟླ་བ་གོང་མར། དམངས་གཉེར་དཔལ་འབྱོར་གྱི་སྐུལ་སྤེལ་བཅའ་ཁྲིམས་མ་ཟིན་ཐད་སྤྱི་ཚོགས་སུ་ཡོངས་གྲགས་ཐོག་བསམ་འཆར་བསྡུ་ལེན་བྱས་ཡོད། ཀུང་སིའི་བཅའ་ཁྲིམས་དང་། དངུལ་འཛིན་བཅའ་ཁྲིམས། སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། ཁེ་ལས་འབྲིང་ཆུང་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་གང་མགྱོགས་བྱས་ཤིང་། བཅའ་ཁྲིམས་ལམ་ལུགས་ལ་བརྟེན་ནས་བསྒྱུར་བཅོས་བྱས་འབྲས་སྲ་བརྟན་དུ་བཏང་སྟེ། དམངས་གཉེར་ཁེ་ལས་དང་ཁེ་ལས་པས་བློ་བདེའི་ངང་བྱ་བ་སྒྲུབ་པ་དང་བློ་བདེའི་ངང་འཕེལ་རྒྱས་གཏོང་ཐུབ་པ་བྱས་ཡོད།

  རྒྱུ་རྐྱེན་གཙོ་བོའི་རྒྱབ་སྐྱོར་བྱེད་ཤུགས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད། དངུལ་རྩའི་ཐད་ཀྱི“བྱ་ཐབས་གསར་པ”སྔར་བས་མང་བ་དམངས་གཉེར་ཁེ་ལས་ལ་ཕྱོགས་བཞིན་ཡོད། གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར། དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་དུས་མཚུངས་ལས་9%འཕར་བ་དང་། གསར་དུ་གཤམ་སྤྲོད་བྱས་པའི་ཀུན་ཕན་རྣམ་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་གྱི་སྐྱེད་ཚད་དུས་མཚུངས་ལས་བརྒྱ་ཆའི་གནས་0.4ཆག་ཡོད། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་དམངས་གཉེར་ཁེ་ལས་སུ་གང་མགྱོགས་འདུས་ནས། འཇོན་ཐང་ཡོད་པའི་དམངས་གཉེར་ཁེ་ལས་དེ་བས་མང་བས་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་ཚན་རྩལ་འགག་གཏོར་གྱི་ལས་འགན་གལ་ཆེན་འཁུར་རྒྱུ་དང་ཚན་ཞིབ་གལ་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་གོམ་གང་མདུན་སྤོས་ངང་དམངས་གཉེར་ཁེ་ལས་ལ་སྒོ་མོ་འབྱེད་དགོས། ཚོང་ལས་མཁའ་སྐྱོད་དང་མི་ཐབས་རིག་ནུས་སོགས་ལས་རྣམ་གསར་པ་དང་ཁྱབ་ཁོངས་གསར་པའི་ནང་། དམངས་གཉེར་ཁེ་ལས་ཀྱིས་བློ་ཁོག་ཆེན་པོས་འགན་གཙོ་བོ་འཁུར་བཞིན་ཡོད་པ་དང་། གསར་གཏོད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བཞིན་ཡོད།

  སྒྱུར་བཅོས་ཀྱིས་ཤུགས་རྒྱག་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡོད་པ། ཁེ་ལས་ཀྱིས་འབད་བརྩོན་བྱས་པ། ཕྱོགས་ཁག་གིས་མཉམ་ཤུགས་འདོན་པ་བཅས་ཀྱིས་རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་དེ་བས་སྲ་ཞིང་བརྟན་པའི་གོམ་སྟབས་ཤིག་སྤོ་ཐུབ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་པ་རེད།

  ཞུ་དག སྐལ་བཟང་བདེ་སྐྱིད།

  ཡིག་སྒྱུར། ཟླ་བ་ཚེ་རིང་། མཚམས་གཅོད།

中央广播电视总台 央广网 版权所有

བཀག་རྒྱ་གཏོར་ནས་ཁོར་ཡུག་ལེགས་སུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་གྱི་གོང་འཕེལ་གྱི་བར་མཐོངས་གསར་པ་གཏོད་པ།

སྒྱུར་བཅོས་ཀྱིས་ཤུགས་རྒྱག་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡོད་པ། ཁེ་ལས་ཀྱིས་འབད་བརྩོན་བྱས་པ། ཕྱོགས་ཁག་གིས་མཉམ་ཤུགས་འདོན་པ