ལི་ཆང་གིས་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་སྤེལ་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་དང་ཚོགས་འདུར་ཞུགས་མཁན་ཁེ་ལས་ཀྱི་འཐུས་མི་དང་བཞུགས་མོལ་གནང་བའི་སྐོར།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་11ཚེས་25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིང་དུ་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་སྤེལ་དངོས་མང་སྟོན་ཚོགས་ཀྱི་འགྲེམ་སྟོན་དང་ཚོགས་འདུར་ཞུགས་མཁན་ཁེ་ལས་ཀྱི་འཐུས་མི་དང་བཞུགས་མོལ་གནང་ཡོད།
ཚོགས་བཞུགས་ཁེ་ལས་ཀྱི་འཐུས་མིས། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་ལེགས་ཕྱོགས་སུ་འགྲོ་བའི་འཕེལ་ཕྱོགས་ཟམ་མི་ཆད་པར་སྲ་བརྟན་དུ་ཕྱིན་པ་དང་། གསར་གཏོད་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་ཞིང་། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཡོད། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅིང་། ཀྲུང་གོར་མ་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཀྲུང་གོར་འཕེལ་རྒྱས་གཏིང་ཟབ་ཡོང་བ་བྱས་ནས། སྒོ་དབྱེ་མཉམ་རྒྱལ་མངོན་འགྱུར་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ལི་ཆང་གིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། འདས་ཟིན་པའི་ལོ་བཅུ་གྲངས་ཁ་ཤས་ནང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་འཕེལ་རྒྱས་གཏིང་ཟབ་འགྲོ་བ་དང་བསྟུན་ནས། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ཀྱང་རིམ་བཞིན་སྟོབས་ཆེར་ཕྱིན་པ་དང་། འཛམ་གླིང་གི་དཔལ་འབྱོར་མགྱོགས་མྱུར་འཕར་རྒྱུར་སྐུལ་འདེད་ཐེབས་པས། ཕྱོགས་ཁག་ཚང་མར་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད། དེ་ལས་ལས་བགོས་རོགས་ལས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་པ་དང་། དཔལ་འབྱོར་ནུས་ཆེའི་འཁོར་རྒྱུག་བྱ་རྒྱུ་དེ་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་ཤར་གཏོང་དང་ཁ་འབྲལ་ཐབས་མེད་པ། བཀག་སྡོམ་བྱས་ན་ཐར་ལམ་མེད་པ་དང་སྒོ་འབྱེད་ནི་ཡང་དག་པའི་ལམ་བུ་ཡིན་པ་བཅས་གསལ་བཤད་གང་ལེགས་ཐུབ་ཡོད། མིག་སྔར། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་འགྲོ་ཤུགས་ཞན་པོ་ཡོད། དུས་སྐབས་འདི་ལྟར་གྱི་སྐབས་སུ། དེ་བས་ཀྱང་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གིས་འཛམ་གླིང་དཔལ་འབྱོར་ལ་དོན་སྙིང་གལ་ཆེན་ལྡན་པ་ངོས་འཛིན་ཐུབ་པ་བྱས་ཏེ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། རྣམ་པ་འདྲ་མིན་གྱི“འབྲེལ་ཐག་བཅད་པ”དང“ཐབ་གསར་ཟུར་འཛུགས”བྱ་རྒྱུར་ངོ་རྒོལ་བྱས་ནས། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོའི་ངང་ཤར་གཏོང་ཐུབ་རྒྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་ཡོད།
ལི་ཆང་གིས། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་འགག་རྩའི་ལྷུ་ཚིགས་ཤིག་ཡིན། ད་ལོའི་ཚུན་དུ་ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ང་ཚོས་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
ལི་ཆང་གིས། རྒྱ་ཆེའི་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་མཁན་དང་ཧུར་བརྩོན་ཆེན་པོས་འཛུགས་སྐྲུན་བྱེད་མཁན་ཞིག་བྱས་ཏེ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་གསར་གཏོད་མཉམ་ལས་དང་ལྗང་མདོག་ཕྱོགས་སྒྱུར་ཐད་འབད་བརྩོན་སྔར་བས་ཆེན་པོ་བྱས་ཏེ། སྔར་བས་གསོན་ཤུགས་ལྡན་པ་དང་ལྡེམ་ཤུགས་ལྡན་པ། ལས་ཕྱོད་ལྡན་པ་བཅས་ཀྱི་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་མཉམ་དུ་བཏོད་དེ། ཁེ་ལས་སྔར་བས་འཕེལ་རྒྱས་ཡག་པོ་ཡོང་བ་དང་རྒྱལ་ཁབ་ཁག་ཐུན་མོང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་ཡོད།
ཝུའུ་ཀྲེང་ལུང་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
༄༅། །གསན་མཁན་ལྷན་རྒྱས། སྐུ་ཁམས་བཟང་། གཤམ་ལ་གསར་འགྱུར་མཉམ་བསྒྲགས་ལེ་ཚན་ཞུ་གི་ཡིན། ཐེངས་འདིའི་གསར་འགྱུར་གྱི་ནང་དོན་གཙོ་བོ་ནི།
༡ ཞི་ཅིན་ཕིང་གི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྣམ་བཤད་བཏུས་བསྒྲིགས་ཀྱི་ཨ་རབ་ཡི་གེའི་པར་མ་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་སྐོར་དང་།
༢ བཀག་རྒྱ་གཏོར་ནས་ཁོར་ཡུག་ལེགས་སུ་བཏང་བ་སྟེ། དམངས་གཉེར་དཔལ་འབྱོར་གྱིས་གོང་འཕེལ་གྱི་བར་ཁམས་གསར་པ་བཏོད་པའི་སྐོར།
༣ ལི་ཆང་གིས་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་སྤེལ་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་དང་ཚོགས་འདུར་ཞུགས་མཁན་ཁེ་ལས་ཀྱི་འཐུས་མི་དང་བཞུགས་མོལ་གནང་བའི་སྐོར།
༤ ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཨུ་རུ་སུའི་དམག་གིས་ཁུ་ལ་ཧོ་ཨོ་གྲོང་ཁྱེར་ལྟེ་གནས་ལ་ཕར་རྒོལ་བྱས་ཟིན་ཞེས་བརྗོད་པ་དང་། ཡུག་རེན་གྱི་ཙུང་ཐུང་གིས་དེའི་ཕྱོགས་ཀྱི་དུས་བབ་དཀའ་ཚེགས་ཆེན་པོ་ཡོད་ཅེས་བརྗོད་པའི་སྐོར་སོགས་ཡིན།