ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྐབས་གཉིས་པའི་སྦྲེལ་ཐག་དངོས་མང་སྟོན་ཚོགས་ཐོག་སྔོན་ཐོན་བཟོ་སྐྲུན་སྦྲེལ་ཐག་གི་འགྲེམས་ཁུལ་མང་དུ་གཏོང་རྒྱུ་དང་འགྲེམས་ཞུགས་ཁེ་ལས་ཀྱི་གྲངས་འབོར་སྐབས་དང་པོ་ལས་20%ཙམ་མང་དུ་ཕྱིན་པ།

2024-10-29 15:55:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་གི་སྐུལ་འདེད་དངོས་མང་སྟོན་ཚོགས་ཟླ་11ཚེས་26ནས་ཟླ་11ཚེས་30ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་རེད། སྐབས་འདིའི་སྦྲེལ་ཐག་དངོས་མང་སྟོན་ཚོགས་ཐོག་སྔོན་ཐོན་བཟོ་སྐྲུན་སྦྲེལ་ཐག་གི་འགྲེམས་ཁུལ་གསར་སྣོན་བྱས་པ་དང་འགྲེམས་སྟོན་གྱི་རྒྱ་ཁྱོན་སྐབས་དང་པོའི་སྨི་ངོས་གྲུ་ཁྲི་10ནས་སྨི་ངོས་གྲུ་ཁྲི་12བར་མང་དུ་བཏང་བ་དང་། ཀྲུང་ཕྱིའི་ཁེ་ལས་600ལྷག་ཙམ་འགྲེམས་སྟོན་ནང་ཞུགས་རྒྱུ་ཡིན་ཞིང་། འགྲེམས་ཞུགས་ཁེ་ལས་་སྐབས་དང་པོ་ལས་20%ཙམ་མང་དུ་ཕྱིན་ཡོད། 
སྐབས་གཉིས་པའི་སྦྲེལ་ཐག་དངོས་མང་སྟོན་ཚོགས་ཀྱི་ཕྱི་རྒྱལ་ཚོང་པས་བཟུང་བའི་བསྡུར་ཚད་དེ་སྐབས་དང་པོའི་26%ནས་སྐབས་འདིའི་32%བར་མང་དུ་ཕྱིན་པ་དང་འགྲེམས་ཞུགས་རྒྱལ་ཁབ་70ཙམ་ཟིན་པ། དེའི་ནང་ཡོ་རོབ་དང་ཨ་རིའི་འགྲེམས་ཚོགས་ནང་ཞུགས་མཁན་ཚོང་པས་ཕྱི་རྒྱལ་འགྲེམས་ཚོགས་ནང་ཞུགས་མཁན་ཚོང་པས་བཟུང་བའི་བསྡུར་ཚད་ཀྱི་50%ཟིན་ཡོད། འཛམ་གླིང་གི་སྟོབས་ཆེའི་ཁེ་ལས་500དང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ཀྱིས་འགྲེམས་ཞུགས་ཁེ་ལས་ནང་བཟུང་བའི་བསྡུར་ཚད་60%ལས་བརྒལ་ཡོད། ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་ཨུ་ལྷན་གྱི་ཚོགས་གཙོ་གཞོན་པ་ཀྲང་ཧྲའོ་ཀང་གིས། སྐབས་དང་པོ་དང་བསྡུར་ན་འཛམ་གླིང་གི་སྟོབས་ཆེའི་ཁེ་ལས་500དང་། ཀྲུང་གོའི་སྟོབས་ཆེའི་ཁེ་ལས་500 ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན་500བཅས་ཀྱི་ཁེ་ལས་ཀྱིས་ཁག་སོ་སོར་42%དང་། 46% 70%མང་དུ་ཕྱིན་ཡོད། སྔོན་དཔག་བྱས་ན་རྒྱལ་ཁབ་དང་རྒྱལ་སྤྱིའི་སྒྲིག་འཛུགས་100ལྷག་ཙམ་གྱི་སྲིད་ཚོང་རིག་གཞུང་ལས་རིགས་ཀྱི་སྐུ་མགྲོན་འགྲེམས་ཚོགས་ནང་ཞུགས་རྒྱུ་རེད་ཅེས་ངོ་སྤྲོད་གནང་འདུག

中央广播电视总台 央广网 版权所有

སྐབས་གཉིས་པའི་སྦྲེལ་ཐག་དངོས་མང་སྟོན་ཚོགས་ཐོག་སྔོན་ཐོན་བཟོ་སྐྲུན་སྦྲེལ་ཐག་གི་འགྲེམས་ཁུལ་མང་དུ་གཏོང་རྒྱུ་དང་འགྲེམས་ཞུགས་ཁེ་ལས་ཀྱི་གྲངས་འབོར་སྐབས་དང་པོ་ལས་20%ཙམ་མང་དུ་ཕྱིན་པ།

སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་གི་སྐུལ་འདེད་དངོས་མང་སྟོན་ཚོགས་ཟླ་11ཚེས་26ནས་ཟླ་11ཚེས་30ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་རེད།