འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་ཟླ་10ཚེས་21ཉིན་ནས་ཚེས་24ཉིན་བར་ལིའོ་ཉིང་དུ་བརྟག་ཞིབ་གནང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་། ལེགས་སྒྲིག་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲའོ་ལེ་ཅི་སྔ་རྗེས་སུ་ཏན་ཏུང་དང་། ཏ་ལན། ཧྲེན་དབྱང་སོགས་ས་ཆར་ཕེབས་ནས། ཞིང་ཆེན་དང་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་སུ་ཟབ་སྐྱོད་གནང་ནས་བརྟག་ཞིབ་གནང་བ་མ་ཟད་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་ནི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་ལས་དོན་ཡག་པོ་བསྒྲུབ་པར་འཚོག་དགོས་ངེས་ཀྱི་སློབ་ཚན་ཞིག་དང་རྨང་གཞིའི་ནུས་པ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དང་། མི་དམངས་འཐུས་ཚོགས་ལས་དོན་ཐད་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་དང་ཟུང་སྦྲེལ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་རྩ་གནད་དང་ཕུན་སུམ་ཚོགས་པའི་ནང་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། སྔ་ཕྱི་བར་གསུམ་དུ་མི་དམངས་འཐུས་ཚོགས་ལས་དོན་དེ་ཡང་དག་པའི་ཁ་ཕྱོགས་སུ་སྐྱོད་རྒྱུར་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲའོ་ལེ་ཅིས། མི་དམངས་འཐུས་ཚོགས་ཀྱིས་ལག་ལེན་ཁྲོད་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་བཟང་ཆ་འདོན་སྤེལ་ཡག་པོ་བྱས་ཐོག ཏང་གིས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་བཅས་གཅིག་འགྱུར་དམ་ཚགས་ཡོང་བ་བྱས་ནས། ཏང་གི་འདོད་ཚུལ་དེ་ཉིད་ཁྲིམས་གཏན་འཁེལ་བའི་གོ་རིམ་བརྒྱུད་རྒྱལ་ཁབ་ཀྱི་འདོད་བློ་དང་མི་དམངས་ཀྱི་ཐུན་མོང་བྱ་སྤྱོད་ཞིག་ཏུ་འགྱུར་རྒྱུ་འགན་ལེན་བྱེད་པ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས་སྲིད་ཇུས་དང་བཀོད་ཇུས་བཀོད་སྒྲིག་བཅས་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུར་འགན་ལེན་བྱེད་དགོས། ལྟེ་བར་གཞིགས་པ་དང་། ཁྱོན་ཡོངས་ཞབས་ཞུ། གཙོ་གནད་འབུར་དུ་ཐོན་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་འགན་ནུས་དང་འགན་ཁྲིར་གཞི་རྐང་ཚུགས་པ། ལས་དོན་ཁག་ལ་གཅིག་འགྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་དང་རྒྱལ་ཁབ་བྱ་གཞག་གི་གནས་བབ་ཧྲིལ་པོའི་ཁྲོད་མི་དམངས་འཐུས་ཚོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། ཁྲིམས་ལྟར་འགན་སྒྲུབ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས། ཁྲིམས་གཏན་འཁེལ་བའི་འགན་འཁྲིའི་ཁྱབ་ཁོངས་ནང་། ཁྲིམས་གཏན་འཁེལ་བའི་གོ་རིམ་ལ་གཞིགས་ནས་ལས་དོན་ཁག་སྤེལ་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་དྲང་སྲུང་གསར་གཏོད་བྱས་ཏེ། ཟམ་མི་ཆད་པར་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། ས་གནས་མི་དམངས་འཐུས་ཚོགས་ཀྱིས་ས་གནས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་བྱ་རྒྱུའི་བཀོད་ཇུས་བཀོད་སྒྲིག་ལ་གཞིགས་ནས། དོན་དངོས་དང་ཟུང་སྦྲེལ་བྱས་ནས་ལས་དོན་སྤེལ་ཏེ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུ་དང་བསྒྱུར་བཅོས་འགག་གཏོར་གྱི་ལས་འགན་སྒྲུབ་རྒྱུར་རམ་འདེགས་བྱེད་དགོས་ཞེས་བསྟན་གནང་ཡོད།
ཀྲའོ་ལེ་ཅིས་ད་དུང་གཞི་རིམ་གྱི་ཁྲིམ་བཙུགས་འབྲེལ་གཏུག་བྱ་ཡུལ་དང་། སྡེ་ཁུལ་གྱི་མི་དམངས་འཐུས་མིའི་འབྲེལ་གཏུག་ས་ཚིགས། ཁེ་ལས་དང་། གྲོང་གསེབ། དེ་བཞིན་ཞིང་པའི་ཁྱིམ་དུད་དུ་ཕེབས་ནས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མང་ཚོགས་རྣམས་དང་སྤེལ་རེས་ཟབ་མོ་གནང་ཡོད། ཁོང་གིས། མི་དམངས་འཐུས་ཚོགས་ཀྱིས་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་ཡོང་བ་བྱེད་པའི་ཁྲོད་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱིས་སྦྲེལ་ཟམ་གྱི་ནུས་པ་གལ་ཆེན་འདོན་སྤེལ་ཡག་པོ་བྱེད་པ་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ལས་དོན་ཁག་ནང་རང་རྟོགས་ངང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་དམངས་གཙོའི་དམངས་འདོད་གླེང་སའི་སྟེགས་བུ་སོགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་འདོད་བསྡུ་ལེན་དང་མང་ཚོགས་ཀྱི་བློ་རིག་གཅིག་བསྡུས་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། མི་དམངས་འཐུས་ཚོགས་ལས་དོན་གྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས། འབྲེལ་བ་གཉིས་ཞེས་པ་དེ་དམ་འཛིན་བྱེད་སར་རྩིས་ཐོག འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་དང་འགན་འཁྲི་ཡག་པོ་འཁུར་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱས་ནས། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་ཡག་པོ་བྱེད་དགོས། འཐུས་མིས་འགན་སྒྲུབ་དང་འགན་འཁྲི་ཡག་པོ་འཁུར་བ་དང་། བྱེད་སྒོ་སྤེལ་བ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་འཐུས་ཚོགས་ཀྱི་བཀོད་སྒྲིག་དང་སྒྲིག་འཛུགས་འོག ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས། གཞི་རིམ་ཁྲིམས་བཙུགས་ཀྱི་འབྲེལ་གཏུག་ས་ཚིགས་དང་། འཐུས་མིའི་ཁྱིམ་འབྲེལ་ས་ཚིགས་དེ་གཉིས་གཞི་རིམ་གྱི་ཏང་འཛུགས་སྟེགས་བུ་དང་། སྡེ་ཁུལ་ཞབས་ཞུ་སོགས་དང་མཉམ་འདྲེས་འཛུགས་སྐྱོང་དང་། ཕྱོགས་བསྡུས་བེད་སྤྱོད་བཅས་བྱས་ཏེ་མཉམ་ཤུགས་ཆགས་པ་བྱེད་དགོས་ཞེས་བསྟན་གནང་ཡོད།