ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དབྱི་རག་གི་དམག་ཕྱོགས་ཀྱིས། དབྱི་སི་ལམ་རྒྱལ་ཁབ་ཅེས་པའི་དྲག་ཆས་པ་བཞི་བསད་ཡོད་ཅེས་བསྟན་པ།

2024-10-22 14:52:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་རག་མཉམ་འབྲེལ་བྱ་སྤྱོད་བཀོད་འདོམས་པུའི་ཁོངས་གཏོགས་ཀྱི་བདེ་འཇགས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཚེས་20ཉིན་གསལ་བསྒྲགས་སྤེལ་ནས། དབྱི་རག་དམག་ཕྱོགས་ཀྱིས་བྱང་རྒྱུད་ཀྱི་ས་ལ་ཧ་ཏིང་མངའ་སྡེར་མཁའ་ཐོག་འཇབ་རྒོལ་བྱས་པ་དང་། ཐད་སྐྱོད་སྒྲིག་འཛུགས་དབྱི་སི་ལམ་རྒྱལ་ཁབ་ཅེས་པའི་དྲག་ཆས་པ་4བསད་པ་མ་ཟད། མཚོན་ཆ་དང་འབར་རྫས། རྒྱབ་ཕྱོགས་མཁོ་གྲུབ་དངོས་རྫས་སོགས་གཏོར་ཡོད་ཅེས་བསྟན་ཡོད་པ་རེད། དབྱི་རག་སྲིད་གཞུང་གིས་2017ལོའི་ཟླ་བ་12པར་དབྱི་སི་ལམ་རྒྱལ་ཁབ་ཅེས་པར་རྡུང་རྡེག་གཏོང་བའི་བྱ་སྤྱོད་ལ་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་ཡོད། དེ་རྗེས་དབྱི་སི་ལམ་རྒྱལ་ཁབ་ཅེས་པའི་སྟོབས་ཤུགས་ལྷག་མ་དེ་དག་གཙོ་བོ་ཐག་རིང་གི་གྲོང་ཁྱེར་ས་ཁུལ་དུ་གྱར་ནས། འཇབ་རྒོལ་ཡང་སེ་བྱེད་ཀྱི་ཡོད་པ་རེད།

中央广播电视总台 央广网 版权所有

དབྱི་རག་གི་དམག་ཕྱོགས་ཀྱིས། དབྱི་སི་ལམ་རྒྱལ་ཁབ་ཅེས་པའི་དྲག་ཆས་པ་བཞི་བསད་ཡོད་ཅེས་བསྟན་པ།

དེ་རྗེས་དབྱི་སི་ལམ་རྒྱལ་ཁབ་ཅེས་པའི་སྟོབས་ཤུགས་ལྷག་མ་དེ་དག་གཙོ་བོ་ཐག་རིང་གི་གྲོང་ཁྱེར་ས་ཁུལ་དུ་གྱར་ནས། འཇབ་རྒོལ་ཡང་སེ་བྱེད་ཀྱི་ཡོད་པ་རེད།