ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམ་བྱས་པ།

2024-10-22 14:46:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་སྐོར་གྱི་བསམ་འཆར་>>པར་འགྲེམ་བྱས་ཡོད།

<<བསམ་འཆར>>ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། བློ་གཅིག་སེམས་གཅིག་ངང་བཟོ་པའི་གྲལ་རིམ་ལ་བརྟེན་པའི་རྩ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ།  "གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། "འདུ་ཤེས་བཞི་"ཆེ་རུ་གཏོང་བ། "བློ་སྤོབས་བཞི་"བརྟན་དུ་གཏོང་བ། "སྲུང་སྐྱོང་གཉིས་"ཐུབ་པ་བྱེད་པ་དང་། མ་ལག་གི་འདུ་ཤེས་དང་གནད་དོན་གྱི་སྟོན་ཕྱོགས། དྲང་སྲུང་གསར་གཏོད་བཅས་རྒྱུན་འཁྱོངས་བྱེད་པ། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་བསྒྱུར་བཅོས་ཟབ་སྤེལ་བཅས་བྱས་ཏེ། ཐོན་ལས་བཟོ་པར་མཐུན་སྒྲིལ་དང་ཁྲིད་སྟོན་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

    <<བསམ་འཆར་>>ནང་བཏོན་པའི་དམིགས་ཚད་གཙོ་བོ་ནི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་བསྒྱུར་བཅོས་ཟབ་སྤེལ་བྱས་པ་བརྒྱུད། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་དེ་བས་ཏན་ཏིག་གཏོང་བ་དང་། ཐོན་ལས་བཟོ་པས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་དེ་བས་བརྟན་དུ་གཏོང་བ། ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་དང་སྒུལ་ཤུགས་དེ་བས་ཆེ་རུ་གཏོང་བ། བདག་པོའི་གོ་གནས་དེ་བས་མངོན་གསལ་དོད་དུ་གཏོང་བ།  གྲུབ་འབྲས་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་གཏོང་བ། ངལ་རྩོལ་ནི་གཟི་བརྗིད་ཡིན་པ་དང་རྩལ་ནུས་ནི་རྩ་ཆེན་པོ་ཡིན་པ།  གསར་གཏོད་ནི་རླབས་ཆེན་པོ་ཡིན་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་དེ་བས་ཟབ་ཏུ་གཏོང་དགོས་པ།   ཐོན་ལས་བཟོ་པའི་ཕྱོགས་བསྡུས་བྱང་ཚད་མངོན་གསལ་ངང་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ཆེན་པོའི་བཟོ་བོ་དང་རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣ་རྒྱུན་ཆད་མེད་པར་ཐོན་པར་བྱེད་པ།  ཤེས་ཡོན་ལྡན་པ་དང་རྩལ་ནུས་ལྡན་པ། གསར་གཏོད་ལ་མཁས་པ་བཅས་ཀྱི་ཐོན་ལས་བཟོ་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས་པ།  2035ལོར་སླེབས་སྐབས་རྒྱལ་ཁབ་ཆེན་པོའི་བཟོ་བོ་2000ཙམ་དང་། ཞིང་ཆེན་རིམ་པའི་བཟོ་བོ་10000ཙམ། གྲོང་ཁྱེར་རིམ་པའི་བཟོ་བོ་50000ཙམ་བཅས་གསོ་སྐྱོང་དང་སྐྱེད་སྲིང་བྱས་ཏེ། རྒྱལ་ཁབ་ཆེན་པོའི་བཟོ་བོ་དང་རིམ་པ་ཁག་གི་བཟོ་བོ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་པ།  ཐོན་ལས་ལག་རྩལ་བཟོ་པའི་དཔུང་ཁག་རྩེ་གྲ་འཛུགས་སྐྱོང་བྱེད་པར་སྐུལ་ཁྲིད་བཅས་བྱས་ནས།  ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་ཤེས་ལྡན་མི་སྣའི་འགན་སྲུང་དང་རྩལ་ནུས་ཀྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་རྒྱུ་བཅས་རེད།

      <<བསམ་འཆར་>>ནང་ཕྱོགས་བརྒྱད་ཀྱི་ཐད་ནས་བཀོད་སྒྲིག་བྱས་ཡོད། གཅིག་ནས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐོན་ལས་བཟོ་པས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་རྒྱུར་མཐུན་སྒྲིལ་དང་ཁྲིད་སྟོན་བྱེད་དགོས་པ་དང་། གཉིས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ནས་ཐོན་ལས་བཟོ་པའི་བདག་པོའི་གོ་གནས་ལ་འགན་སྲུང་བྱ་རྒྱུ།  གསུམ་ནས་བཟོ་ལས་ཅན་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་བྱས་ཏེ་ཐོན་ལས་བཟོ་པའི་རྩལ་ནུས་གྲུབ་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།  བཞི་ནས་ལས་རིགས་འཕེལ་རྒྱས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ལས་བཟོ་པ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ། ལྔ་ནས་ངལ་རྩོལ་དཔལ་འབྱོར་གྱི་ཁེ་དབང་སྲུང་སྐྱོང་བྱས་ནས་ཐོན་ལས་བཟོ་པའི་གྲུབ་འབྲས་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་དགོས་པ། དྲུག་ནས་བྱས་རྗེས་འཇོག་པའི་སྟེགས་བུ་བསྐྲུན་ནས་ཐོན་ལས་བཟོ་པའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱེད་དགོས་པ། བདུན་ནས་ཐོན་ལས་བཟོ་པའི་དཔུང་ཁག་སྟོབས་ཆེར་བཏང་ནས་ཏང་གིས་ཡུན་རིང་སྲིད་སྐྱོང་བའི་གྲལ་རིམ་གྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པ། བརྒྱད་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་བསྒྱུར་བཅོས་ལ་མཉམ་དུ་ཤུགས་བཏོན་ནས་སྐུལ་འདེད་གཏོང་དགོས་པ་བཅས་རེད།  

中央广播电视总台 央广网 版权所有

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམ་བྱས་པ།

བརྒྱད་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་བསྒྱུར་བཅོས་ལ་མཉམ་དུ་ཤུགས་བཏོན་ནས་སྐུལ་འདེད་གཏོང་དགོས་པ་བཅས་རེད།