རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཁག་གིས་མཆོར་རྒྱན་སྤྲས་ནས་རྒྱལ་སྟོན་དུས་ཆེན་བསུ་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྟོན་དུས་ཆེན་སླེབས་ཉེར་ཡོད་པའི་མཚམས་འདིར། ས་གནས་ཁག་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱིས་མཆོར་རྒྱན་སྤྲས་ནས། དགའ་སྤྲོའི་ངང་དུས་ཆེན་གྱི་རྣམ་པ་ཟབ་མོར་བསུ་བ་ཞུ་བཞིན་ཡོད།
རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ། གནམ་བདེ་སྒོར་མོའི་ཐང་དུ་མེས་རྒྱལ་ལ་སྨོན་འདུན་ཞུ་ཞེས་འཁོད་པའི་མེ་ཏོག་སྟེགས་བུ་ཆེ་མོ་ཞིག་སྒྲིག་གཤོམ་བྱས་ཡོད།
གཞན་ཡང་། པེ་ཅིང་གིས་ད་དུང་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ཁྱབ་ཁོངས་དང་། བགྲོད་ལམ་སོགས་སུ་བརྗོད་དོན་གཙོ་བོའི་མེ་ཏོག་སྣ་ཚོགས་སྒྲིག་གཤོམ་བྱས་ཡོད། མུའུ་ཞི་ཏེ་ཟམ་ཁུལ་དུ་མེ་ཏོག་སྒྲིག་གཤོམ་རྣམ་གྲངས་ཀྱི་འགན་འཁུར་བ་ཀྲོའུ་ཀྲེ་ཝེན་གྱིས། ཟམ་པའི་ཁུལ་གསུམ་དུ་ཁྱོན་སྨི་4400ཡོད་པས། ང་ཚོས་མེ་ཏོག་བུམ་པ་2200སྒར་བ་ཡིན། ད་ལོ་མེ་ཏོག་བུམ་པ་སྒྲིག་གཤོམ་བྱེད་སྐབས་གཙོ་བོ་མེ་ཏོག་ལྡུམ་རའི་གྲོང་ཁྱེར་གྱིས་ལྕང་གླིང་ཐོག་ཚན་རྩལ་སྣོན་པ་དང་། རིག་ནུས་ཀྱི་ལྕང་གླིང་འདེབས་གསོའི་བཀོལ་སྤྱོད་དེ་འདྲ་ཞིག་མངོན་པ་བྱས་ཡོད་ཅེས་གསུངས་ཡོད།
པེ་ཅིང་ཀོ་མའོ་ཟམ་པ་དང་། ཤིན་ཤིང་ཟམ་པའི་སྒྲོམ་སྐྱོར་ཐོག་ཏུ་ཡང་ལངས་གཟུགས་ཀྱི་མེ་ཏོག་བུམ་པ་སྒྲིག་ཡོད། རིགས་དང་ཚོན་མདོག་འདྲ་མིན་སྣ་ཚོགས་ཀྱི་མེ་ཏོག་རིམ་གྱིས་བཞད་པས། མེ་ཏོག་ལྡུམ་རའི་མཛེས་ལྗོངས་ཀྱི་བར་ཁྱམས་རིང་པོ་ཞིག་གྲུབ་ཡོད།
ཧྲན་ཏུང་ཆིང་ཏའོ་ཅི་མོ་ཁུལ་ཁང་ཅ་ཀྲོང་གྲོང་ཚོར། ཁྱིམ་ཚང་ཚང་མས་རང་ཁྱིམ་དུ་རྒྱལ་དར་བཙུགས་ཡོད་པས། དུས་ཆེན་གྱི་རྣམ་པ་ཟབ་མོས་ཁེངས་ཡོད། གྲོང་མི་ཁང་ཡུང་ཅེ་ཡིས། ང་ཚོའི་རྒྱལ་ཁབ་ཡག་ནས་ཡག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། ང་ཚོས་མེས་རྒྱལ་ལ་བྱུང་བའི་གོང་འཕེལ་དག་བདེན་དཔང་ཐུབ་པས། དངོས་གནས་དགའ་ཚོར་ཆེན་པོ་སྐྱེ་ཡི་འདུག་ཅེས་གསུངས་ཡོད།
ཅང་ཞི་ཡི་སྐད་གྲགས་ཆེ་བའི་གསར་བརྗེའི་གྲོང་ཚོ་སྟེ། ཝན་ཨན་རྫོང་ཞའོ་ཏུང་ཧྲེ་རིགས་གྲོང་ཚོར། གྲོང་ཚོའི་ཐང་ཆེན་ཐོག་དང་། རྒྱུག་ཆུའི་ཉེ་འགྲམ། ཞིང་ཁྱིམ་གྱི་སྒོ་རའི་ནང་སོགས་ཚར་མར་དམར་མདངས་བཀྲ་བའི་རྒྱལ་དར་བཙུགས་ཡོད། ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་དང་ཡུལ་སྐོར་བ་ཚོ་མཉམ་དུ་འཛོམས་ནས་གླུ་ལེན་གར་འཁྲབ་དང་། ཐག་འཐེན་བྱེད་སྒོ་སྤེལ་བ། དངོས་མིན་རིག་གནས་ཤུལ་གཞག་གི་ཁོངས་སུ་གཏོགས་པའི་ཝན་ཨན་གྱི་ལིང་གླང་སེང་སྒྲོན་མེ་ཞེས་པ་འཁྲབ་ཡོད་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར། ཅན་ཐན་ཤང་ཞའོ་ཏུང་ཧྲེ་རིགས་གྲོང་ཚོའི་ཏང་ཀྲེ་པུའི་ཧྲའུ་ཅི་ལའེ་མིང་ཧྲེང་གིས། ང་ཚོས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་པ་དང་། ལས་གནས་ཀྱི་འགན་འཁྲི་ཡག་པོ་འཁུར་ནས། གྲོང་གསེབ་དར་རྒྱས་དང་། ཐོན་ལས་གོང་འཕེལ། མི་རིགས་མཉམ་འདྲེས། མཉམ་ཕྱུག་མཉམ་སྤྱོད་སོགས་ཀྱི་ཐད་རང་འགུལ་ངང་འགན་འཁུར་དགོས། ཕྱིས་སུ་ང་ཚོའི་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།
གྲོང་མི་ཚོས་མཉམ་དུ་སྐད་གསང་མཐོན་པོས། མེས་རྒྱས་སྟོབས་འབྱོར་རྒྱས་པ་དང་། རྒྱལ་ཁབ་དར་ཤིང་དམངས་རྣམས་བདེ་བཀྲ་ཤིས་སྨོན་འདུན་ཞུས་ཡོད།