ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཨུ་རུ་སུས་ཡུག་རེན་གནམ་ཐང་གི་རྨང་གཞིའི་སྒྲིག་བཀོད་དང་ནུས་རྒྱུའི་སྒྲིག་བཀོད་རྩ་གཏོར་བཏང་ཡོད་ཅེས་བརྗོད་པ་དང་། ཡུག་རེན་གྱིས་ཨུ་རུ་སུའི་དམག་དཔུང་གི་དམག་འཐབ་གནམ་གྲུ་ཞིག་གཏོར་ལྷུང་བཏང་ཡོད་ཅེས་བརྗོད་པ།

2024-09-13 10:59:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའི་རྒྱལ་སྲུང་པུས་ཚེས་12ཉིན་ཨུ་རུ་སུའི་དམག་གིས་ཡུག་རེན་གནམ་ཐང་གི་རྨང་གཞིའི་སྒྲིག་བཀོད་དང་ནུས་རྒྱུའི་སྒྲིག་བཀོད་རྩ་གཏོར་བཏང་ཡོད་ཅེས་བརྗོད་ཡོད། ཡུག་རེན་དམག་གིས། ཨུ་རུ་སུའི་དམག་གི་དམག་འཐབ་གནམ་གྲུ་ཞིག་གཏོར་ལྷུང་བཏང་ཡོད་ཅེས་བརྗོད་ཡོད་པ་རེད།

  ཨུ་རུ་སུའི་རྒྱལ་སྲུང་པུས་ཚེས་12ཉིན་དམག་འཐབ་གནས་ཚུལ་ཡོངས་བསྒྲགས་བྱས་ནས། འདས་ཟིན་པའི་ཉིན་གཅིག་ནང་། ཨུ་རུ་སུའི་དམག་གིས་ཡུག་རེན་གྱི་དམག་མི་2000ལྷག་ཙམ་བསད་རྨས་བཏང་བ་དང་། ཁྲབ་ལྡན་རླངས་འཁོར་མང་པོ་ཚུད་པའི་གོ་མཚོན་དང་སྒྲིག་ཆས་རྩ་གཏོར་བཏང་ཡོད། ས་ཁུལ་134ར་ཡུག་རེན་དམག་གི་སྐྱེ་ལྡན་སྟོབས་ཤུགས་དང་སྒྲིག་ཆས་ལ་རྡུང་རྡེག་བཏང་བ་དང་། གནམ་ཐང་གི་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་ཡུག་རེན་དམག་ལ་རྒྱབ་སྐྱོར་བྱེད་པའི་ནུས་རྒྱུའི་སྒྲིག་བཀོད་རྩ་གཏོར་བཏང་ཡོད། ཨུ་རུ་སུའི་རྒྱལ་སྲུང་པུས་ད་དུང་། ཨུ་རུ་སུའི་དམག་གིས་ཉིན་གཉིས་ནང་ཁུར་སི་ཁེ་མངའ་སྡེའི་ཡུལ་མིའི་ས་ཚིགས་10ཚོད་འཛིན་བྱས་པ་དང་། འདས་ཟིན་པའི་ཉིན་གཅིག་ནང་ཁུར་སི་ཁེའི་འཐབ་ས་དང་པོར་ཡུག་རེན་གྱི་དམག་མི་300ལྷག་ཙམ་ཤི་རྨས་བྱུང་བ་དང་ཁྲབ་ལྡན་རླངས་འཁོར་24ར་གྱོང་གུན་བཟོས་ཡོད་ཅེས་བརྗོད་ཡོད་པ་རེད། 

  ཚེས་12ཉིན་ཡུག་རེན་རྒྱལ་སྲུང་པུའི་གསང་འཕྲིན་སྤྱི་ཁྱབ་ཅུས་ཀྱིས། ཚེས་11ཉིན་རྒྱ་མཚོ་ནག་པོའི་མཚོ་ཁོངས་སུ་བྱ་སྤྱོད་སྤེལ་རིང་། ཅུས་དེའི་དམིགས་བསལ་དཔུང་སྡེའི་དམག་མིས་ཨུ་རུ་སུའི་དམག་གི་སུའུ་30SMརྟགས་ཅན་གྱི་དམག་འཐབ་གནམ་གྲུ་ཞིག་གཏོར་ལྷུང་བཏང་བ་མ་ཟད། འབྲེལ་ཡོད་བརྙན་མཐོང་ཁྱབ་བསྒྲགས་བྱས་ཡོད་ཅེས་བརྗོད་འདུག

  ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཚེས་12ཉིན། ཡུག་རེན་གྱིས་ནུབ་ཕྱོགས་ཀྱི་རྒྱང་ཁྲིད་མཚོན་ཆ་སྤྱད་དེ་ཨུ་རུ་སུའི་དབུས་རྒྱུད་དུ་དཔུང་འཇུག་བྱེད་པའི་བཀག་རྒྱ་ལྷུག་ཏུ་བཏང་ཡོད། དེའི་ཐོག་ནས་ཨ་རིས་གཙོ་བོ་བྱས་པའི་བྱང་ཆིངས་སྒྲིག་འཛུགས་གདོང་ཐུག་ནང་ཐད་ཀར་ཞུགས་པ་མཚོན་ཞིང་། དེས་གདོང་ཐུག་གི་ངོ་བོར་འགྱུར་ལྡོག་ཆེས་ཆེར་འགྲོ་རྒྱུ་དང་། དེའི་ཐོག་ནས་ཁོང་ཚོས་ཨུ་རུ་སུ་དང་དམག་རྒྱག་འགོ་ཚུགས་པ་མཚོན་ཡོད། ཨུ་རུ་སུས་རང་ཉིད་ལ་འཕྲད་པའི་འཇིགས་སྐུལ་ལ་གཞིགས་ནས་ཐག་གཅོད་འོས་འཚམ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

中央广播电视总台 央广网 版权所有

ཨུ་རུ་སུས་ཡུག་རེན་གནམ་ཐང་གི་རྨང་གཞིའི་སྒྲིག་བཀོད་དང་ནུས་རྒྱུའི་སྒྲིག་བཀོད་རྩ་གཏོར་བཏང་ཡོད་ཅེས་བརྗོད་པ་དང་། ཡུག་རེན་གྱིས་ཨུ་རུ་སུའི་དམག་དཔུང་གི་དམག་འཐབ་གནམ་གྲུ་ཞིག་གཏོར་ལྷུང་བཏང་ཡོད་ཅེས་བརྗོད་པ།

དེས་གདོང་ཐུག་གི་ངོ་བོར་འགྱུར་ལྡོག་ཆེས་ཆེར་འགྲོ་རྒྱུ་དང་། དེའི་ཐོག་ནས་ཁོང་ཚོས་ཨུ་རུ་སུ་དང་དམག་རྒྱག་འགོ་ཚུགས་པ་མཚོན་ཡོད། ཨུ་རུ་སུས་རང་ཉིད་ལ་འཕྲད་པའི་འཇིགས་སྐུལ་ལ་གཞིགས་ནས་ཐག་གཅོད་འོས་འཚམ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།