མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་གསལ་བསྒྲགས་སྤེལ་ནས་ཚེས་11ཉིན་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་གྱི་ནུའུ་སའེ་ལའེ་ཐེའི་ཉེན་གཡོལ་བྱ་ཡུལ་གྱི་སློབ་གྲྭ་ཞིག་ལ་མཁའ་ཐོག་འཇབ་རྒོལ་བཟོས་པར་རྒོལ་གཏམ་བཏང་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་12ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་མགྲིན་ཚབ་པ་བརྒྱུད་གསལ་བསྒྲགས་སྤེལ་ནས། ཚེས་11ཉིན་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་གྱི་ནུའུ་སའེ་ལའེ་ཐེའི་ཉེན་གཡོལ་བྱ་ཡུལ་གྱི་སློབ་གྲྭ་ཞིག་ལ་མཁའ་ཐོག་འཇབ་རྒོལ་བཟོས་པར་རྒོལ་གཏམ་བཏང་ཡོད། འཇབ་རྒོལ་ནང་ཉུང་མཐར་ཡང་མི་18རྐྱེན་ལམ་དུ་ཤོར་ཡོད་པ་དེའི་ནང་བྱིས་པ་དང་བུད་མེད་ཚུད་ཡོད་པ་རེད། ཀུ་ཐི་ལེ་སིས་རང་བཙན་བྱས་ནས་དོན་རྐྱེན་འདི་རྩ་བ་ནས་བརྟག་དཔྱད་བྱས་པའི་འབོད་སྐུལ་བྱས་ཡོད།