ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཆང་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ལ་ཞུགས་པ་མ་ཟད་ཤིས་ཚིགས་ཀྱང་གསུང་གནང་བ།

2024-09-13 11:01:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ས་གནས་དེ་གའི་དུས་ཚོད་ཚེས་12ཉིན་གྱི་ཕྱི་དྲོ་ཏི་པའེ་རུ་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་གནང་བ་རེད།

  ལི་ཆང་གིསཀྲུང་གོ་དང་་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་ཕྱི་འབྲེལ་བཙུགས་ནས་ལོ་40ཡི་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བཞིན་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། དེའི་རྒྱབ་ཏུ་ལྡོག་མེད་ཆོས་ཉིད་ཟབ་མོ་ལྡན་ཡོད། དེ་ནི་རྒྱལ་ཁབ་གཉིས་པོའི་ཡུན་རིང་གི་དཔལ་འབྱོར་ཉོ་ཚོང་གི་སྲོལ་རྒྱུན་དང་། མཐུན་ཐབས་གོང་འཕེལ་གྱི་འདུ་ཤེས། དེ་མཚུངས་ཀྱི་རིན་ཐང་དོན་གཉེར་བཅས་ལ་གཞི་ཚུགས་ཡོད། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་པོས་སྒོ་དབྱེ་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོ་ནི་ཨ་ཤེ་ཡའི་ཁྱིམ་ཚང་ཆེན་པོའི་ཁོངས་སུ་གཏོགས་པ་དང་། ་ཤེ་ཡའི་མི་དམངས་ཀྱིས་ཞི་བདེ་དང་། མཐུན་སྒྲིལ། མཉམ་ལས་བཅས་ལ་བློ་བརྟན་འགྱུར་མེད་དང་སྲ་ཞིང་བརྟན་པའི་བློ་ཁ་ཕྱོགས་ཀྱི་ཡོད། དེ་ནི་ཟང་ཟིང་རྙོག་འཛིང་ཆེ་བའི་འཛམ་གླིང་འདིར་དེ་བས་རྩ་ཆེ་བ་ཞིག་ཡིན་པས་གཅེས་འཛིན་ལྡབ་བརྒྱ་དང་བརྟན་སྲུང་བྱེད་འོས་པ་ཞིག་ཡིན་ཞེས་གསུངས་པ་རེད།

  ལི་ཆང་གིསརྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་དང་། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་པོས་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་མཉམ་གཤིབ་མདུན་སྐྱོད་ཀྱི་གོང་འཕེལ་ཁྲོད་ལས་མཉམ་ལས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱ་རྒྱུའི་རེ་བ་ཡོདགཅིག་ན་སྤུས་ཚད་མཐོ་པོསརྒྱུད་གཅིག་ལམ་གཅིགམཉམ་སྐྲུན་གྱི་གོ་སྐབས་གསར་པ་དམ་འཛིན་བྱས་ནསཕན་ཚུན་སྦྲེལ་མཐུད་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་ཐོག རྒྱལ་ཁབ་གཉིས་པོའི་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ནང་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ན་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དམ་ཟབ་བྱེད་པའི་གོ་སྐབས་གསར་པ་དམ་འཛིན་གྱིས་ཉོ་ཚོང་དང་ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། གསུམ་ནས་ཚན་རྩལ་ཐོན་ལས་གསར་གཏོད་རྒྱུན་མཐུད་གོང་འཕེལ་འགྲོ་བཞིན་པའི་གོ་སྐབས་གསར་པར་དམ་འཛིན་བྱས་ཏེ། སྔོན་ཐོན་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཁེ་ལས་དེ་བས་མང་བ་ཀྲུང་གོར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཨ་རབས་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་པོའི་གོང་འཕེལ་ལ་་མུ་མཐུད་གསོན་ཤུགས་རྒྱས་ནས། རྒྱལ་ཁབ་གཉིས་པོའི་གོང་འཕེལ་དར་རྒྱས་ལ་་སྐུལ་འདེད་དེ་བས་ཡག་པ་གཏོང་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་། ཚོང་ཚོགས། ཁེ་ལས་བཅས་ཀྱི་འཐུས་མི་200ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིས་ཀྲུང་གོའི་གོང་འཕེལ་གྱི་གསོན་ཤུགས་དང་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་མ་ཟད། རྒྱུད་གཅིག་ལམ་གཅིགགི་སྒྲོམ་གཞིའི་ནང་ཀྲུང་གོར་མ་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རྨང་གཞིའི་སྒྲིག་ཆས་དང་། ཚན་རྩལ་གསར་གཏོད། ནུས་རྒྱུ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཐོག གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་རྒྱུའི་རེ་འཆང་བཞིན་ཡོད་པ་རེད།

中央广播电视总台 央广网 版权所有

ལི་ཆང་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ལ་ཞུགས་པ་མ་ཟད་ཤིས་ཚིགས་ཀྱང་གསུང་གནང་བ།

ནུས་རྒྱུ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཐོག གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་རྒྱུའི་རེ་བ་འཆང་བཞིན་ཡོད་པ་རེད།