དབྱི་རན་དུ་བཅར་སྡོད་སུའུ་ཏན་གཞུང་ཚབ་ཆེན་མོ་ཁང་གིས་དབྱི་རན་གྱི་རྒྱལ་ས་ཏེ་ཧེ་ལན་དུ་གཞུང་ཚབ་ཁང་སྒོ་ཕྱེ་བའི་མཛད་སྒོ་གཉེར་བ་རེད།
2024-07-31 11:28:00 责编:娜科
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་རན་དུ་བཅར་སྡོད་སུའུ་ཏན་གཞུང་ཚབ་ཆེན་མོ་ཁང་གིས་ཟླ་7ཚེས་30ཉིན་དབྱི་རན་གྱི་རྒྱལ་ས་ཏེ་ཧེ་ལན་དུ་གཞུང་ཚབ་ཆེན་མོ་ཁང་སྒོ་ཕྱེ་བའི་མཛད་སྒོར་གཉེར་བ་རེད། འདི་ནི་2016ལོར་སུའུ་ཏན་དང་དབྱི་རན་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་མཚམས་ཆད་པ་དང་། སུའུ་ཏན་གྱིས་དབྱི་རན་དུ་བཅར་སྡོད་གཞུང་ཚབ་ཆེན་མོ་ཁང་སྒོ་བརྒྱབ་རྗེས། དབྱི་རན་དུ་བཅར་སྡོད་སུའུ་ཏན་གྱི་ཕྱི་འབྲེལ་ལས་ཁུངས་ལས་སྒོ་བསྐྱར་ཚུགས་བྱེད་ཐེངས་དང་པོ་དེ་ཡིན་པ་རེད།