ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

བྱམས་མེ་གྲོང་རྡལ་གྱིས་མང་ཚོགས་ལ་ལས་ཞུགས་རོགས་སྐྱོར་བྱས།

2023-11-30 09:08:00     责编:娜科

 

ཟླ་11ཚེས་27ཉིན། བྱམས་མེ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅིས་མཐའ་བ་སྡེ་བའི་སྨན་ལྷ་སྐྱབས་ལས་གནས་གསར་པར་བསྐྱལ། སྨན་ལྷ་སྐྱབས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད་རྒྱུར། ཏང་ཨུ་དང་སྲིད་གཞུང་གིས་ཐུགས་ཁུར་འོག་ང་རང་ལས་ཞུགས་ཐུབ་པས། ང་ཚོའི་དཀའ་གནད་མང་པོ་ཐག་གཅོད་བྱས་པར་ཐུགས་རྗེ་ཆེ་ཞུ། 

ད་ལོའི་ཟླ་3པར་སྨན་ལྷ་སྐྱབས་ཀྱི་ཨ་ཕར་རླངས་འཁོར་དོན་རྐྱེན་བྱུང་བས་སྨན་ཁང་དུ་འདུག་པར་འགྲོ་སོང་མང་པོ་བཏང་། སྨན་ལྷ་སྐྱབས་ཀྱིས་ལས་ཁུར་དགོངས་ཞུ་བྱས་ནས་ཨ་ཕར་ལྟ་སྐྱོང་བྱེད་དགོས་པས་ཡོང་སྒོ་མེད་པར་གྱུར། དེ་ལྟར་ཁྱིམ་ཚང་ལ་དཀའ་ངལ་ཆེ། གནས་ཚུལ་དེ་བྱམས་མེ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཤེས་རྗེས། འཕྲལ་དུ་སྨན་ལྷ་སྐྱབས་ཚང་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ལྟ་ཞིབ་ཚད་ལེན་དུད་ཚང་དུ་བཞག ཁོའི་ཨ་ཕའི་ནད་གཞི་སངས་དྲག་ཏུ་སོང་བ་ན། རྫོང་འབྲུ་རིགས་དངོས་ཟོག་གྲབས་གསོག་ལྟེ་གནས་དང་འབྲེལ་གཏུག་བྱས་ཏེ་སྨན་ལྷ་སྐྱབས་ལ་ལས་གནས་བཀོད་སྒྲིག་བྱས། གསར་སྤེལ་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་བརྒྱུད་ཡོང་འབབ་བརྟན་པོ་ཡོང་བར་བྱས་ཏེ་ཁྱིམ་ཚང་གི་གཏོང་མང་ཡོང་ཉུང་གི་དཀའ་གནད་ཐག་གཅོད་བྱས།

སྨན་ལྷ་སྐྱབས་ལས་ཞུགས་ཐུབ་པ་ནི་བྱམས་མེ་གྲོང་རྡལ་གྱི་རོགས་སྐྱོར་ལས་དོན་གྱི་བསྡུས་གཟིགས་ཤིག  བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་བྱམས་མེ་གྲོང་རྡལ་གྱིས་དམངས་དོན་དངོས་བསྒྲུབ་ཀྱི་ལས་སྒོ་ཟབ་སྤེལ་བྱས་པར་མང་ཚོགས་ཀྱིས་གདེང་འཇོག་གང་ལེགས་གནང་།  ཁོངས་གཏོགས་ཁུལ་གྱི་གྲོང་སྡེ་ཁག་གི་དབུལ་སྒྲོལ་ཁྱིམ་ཚང་དང་བལྟོས་བཅས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཡོང་འབབ་མཐོ་རུ་གཏོང་ཆེད། བྱམས་མེ་གྲོང་རྡལ་གྱིས་ཤར་ནུབ་མཐུན་སྦྱོར་གྱི་རྨང་གཞིའི་སྟེང་རྫོང་རིམ་པའི་སྡེ་ཁག ཁེ་ལས་དང་བྱ་གཞག་ཚན་ཁག ཀུང་སི། མགྲོན་ཁང་། ཨར་སྐྲུན་ལས་གཞི་བཅས་དང་འབྲེལ་འདྲིས་གང་ལེགས་བྱས་ཏེ་ལས་གནས་བརྩོན་ལེན་བྱས། ལས་གནས་དང་མི་སྣ་འཚམ་མཐུན་གྱི་རྩ་དོན་ལྟར། ངལ་རྩོལ་ནུས་ཤུགས་ལྷག་མར་འོས་འཚམ་གྱི་ལས་གནས་རྩད་འཚོལ་བྱས།  མིག་སྔར་རྫོང་རིམ་པའི་འབྲེལ་ཡོད་མི་སྤྱོད་སྡེ་ཁག་3དང་འབྲེལ་འདྲིས་གང་ལེགས་བྱས་ཏེ་ངལ་ནུས་མི་སྣ་4བསྡུ་ལེན་བྱས། ཁོངས་གཏོགས་ཁུལ་གྱི་ཨར་སྐྲུན་ལས་གཞིར་ངལ་ནུས་མི་སྣ་80བསྡུ་ལེན་བྱས། ད་ལོ་ནས་བཟུང་དབུལ་སྒྲོལ་མི་འབོར་176ལ་ལས་ཞུགས་བྱེད་རོགས་བྱས། དབུལ་སྒྲོལ་དུད་ཚང་ཁྲོད་ངལ་རྩོལ་བྱེད་ནུས་ཡོད་པའི་ཁྱིམ་ཚང་ལ་མ་མཐར་ལས་མི་1ཡོད་པ་དང་། དུད་ཚང་ཁག་གི་ཟླ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་500ཙམ་འཕར་བ་མངོན་འགྱུར་བྱུང་། 

རྗེས་ཕྱོགས་བྱམས་མེ་གྲོང་རྡལ་གྱིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་བྱེད་སྒོ་སྤེལ་ནས། གཉིས་འབྲེལ་གཅིག་སྐྱོད་ཀྱི་མང་ཚོགས་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཁྱིམ་ཚང་་སོ་སོར་བསྐྱོད་ནས་མང་ཚོགས་ཀྱི་སེམས་ཁྲལ་སེལ་ཞིང་། མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་དངོས་གནས་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱ་རྒྱུ་རེད། 

 

中央广播电视总台 央广网 版权所有

བྱམས་མེ་གྲོང་རྡལ་གྱིས་མང་ཚོགས་ལ་ལས་ཞུགས་རོགས་སྐྱོར་བྱས།

རྗེས་ཕྱོགས་བྱམས་མེ་གྲོང་རྡལ་གྱིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་བྱེད་སྒོ་སྤེལ་ནས། གཉིས་འབྲེལ་གཅིག་སྐྱོད་ཀྱི་མང་ཚོགས་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཁྱིམ་ཚང་་སོ་སོར་བསྐྱོད་ནས་མང